[A:32a]པའི་ཀླ་ཀློ་རྣམས་བཏུལ་ཏེ་སངས་རྒྱས་ཀྱི་ཆོས་ལ་འགོད་པར་མཛད་ལ། དེ་ནས་རིམ་གྱིས་དུམ་བུ་་བཅུ་པོ་རྣམས་སུ་ཡང་དེའི་རིགས་རྒྱུད་ལས་བྱུང་བའི་རྒྱལ་པོ་རྣམས་
ཀྱིས་རིམ་པ་བཞིན་དུ་ཀླ་ཀློ་འཇོམས་པར་མཛད་དོ༎ རིགས་ལྡན་དྲག་པོས་རྒྱལ་སར་ལོ་བརྒྱ་རྫོགས་པ་ན་སྲས་ཚངས་པ་རྒྱལ་སར་བསྐོས་ཏེ་རང་ཉིད་བདེ་བ་ཆེན་པོའི་གནས་སུ་གཤེགས་པར་མཛད་དོ༎
དཔག་བསམ་སྙེ་མ་ལས་ས་བཅུའི་བྱང་ཆུབ་སེམས་དཔས་བཀའ་བསྡུས་ཤིང་འགྲེལ་པས་བཀྲལ་བའི་ལེའུ་སྟེ་གཉིས་པའོ༎ ༎ གྲུབ་ཆེན་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་པཎ་ཆེན་རྣམས་ཀྱིས་འབེལ་གཏམ་གྱིས་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པ། རྒྱུད་རྒྱལ་འཕགས་ཡུལ་དུ་དར་ཁྱབ་བྱུང་ཚུལ། ད་ནི་འཕགས་པའི་ཡུལ་གྱི་པཎ་གྲུབ་རྣམས་
ཀྱིས་ཐུགས་ཉམས་སུ་བཞེས་ཤིང་འབེལ་གཏམ་གྱིས་གཏན་ལ་ཕབ་པ་ཇི་ལྟ་བུ་ཞེ་ན། དུས་ཀྱི་འཁོར་ལོ་ནི་འཕགས་ཡུལ་དུ་སྔ་མོ་ཞིག་ནས་ཕེབས་པར་གནང་སྟེ། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པའི་བདེ་
མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སུ་དྲི་མེད་འོད་ཀྱི་མཆོད་བརྗོད་ཤླཽ་ཀ་གཉིས་པ་འབྱུང་ཞིང་། པིརྺ་པས་གཤིན་རྗེ་གཤེད་ཀྱི་སྤྲུལ་འཁོར་གསལ་བྱེད་དུས་འཁོར་ལ་བརྟེན་ནས་མཛད་པར་གཞུང་དེ་ཉིད་
ན་སྣང་བ་དང་། སློབ་དཔོན་ཙི་ལུ་པས་རིན་ཆེན་རི་བོའི་གཙུག་ལག་ཁང་ནས་བྱང་ཆུབ་སེམས་དཔའི་འགྲེལ་པ་ཡོད་པའི་ཁུངས་རྙེད་པའི་ཕྱིར་རོ༎ སླད་ཀྱིས་རྒྱལ་པོ་པཱ་ལ་བདུན་རྒྱུད་ཀྱི་རིང་ལ་ཐེག་པ་ཆེན་