R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 32b
[A:32b]པོའི་ཆོས་དར་ཞིང་། ཁྱད་པར་དུ་རྡོ་རྗེ་ཐེག་པ་དར་བ་ལས་སློབ་དཔོན་ཙི་ལུ་པ་དང་། དུས་འཁོར་ཞབས་ཀྱིས་ཤམྦྷ་ལ་ནས་དུས་ཀྱི་འཁོར་ལོ་སྤྱན་དྲངས་ནས་འཕགས་ཡུལ་དུ་ཤིན་ཏུ་དར་བར་འགྱུར་
ཏོ༎ དེ་ཡང་པཱ་ལ་བདུན་ནི་མ་ག་དྷའི་བ་ལང་རྫི་ཞིག་གིས་རྒྱལ་པོ་ཐོབ་པར་འདོད་དེ། ཀུ་རུ་ཀུལླེ་བསྒྲུབས་པས་གྲུབ་ནས་རྒྱ་གར་ཤར་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན། དེར་ཕྱིན་པས་དེ་ན་
བཙུན་མོ་ཀླུ་མོ་ཞིག་གིས་ནུབ་རེ་བཞིན་རྒྱལ་པོ་གསོད་ཅིང་། རྒྱལ་པོ་མེད་ན་བཀྲ་མི་ཤིས་པས་བློན་པོ་རྣམས་ཀྱིས་ནང་རེ་བཞིན་མི་རྣམས་རེ་མོས་སུ་བྱས་ཏེ་རྒྱལ་སར་བསྐོའོ༎ དེར་མ་སྨད་གཉིས་
ཀྱི་བུ་ལ་རེ་མོས་བབ་ནས་གཉི་ག་ངུ་བ་ལ་དྲིས་པས། བུ་འདི་ལ་སང་རྒྱལ་པོའི་རེས་བབ་པོ་ཟེར་བས་དེའི་ཚབ་ཏུ་ཕྱིན་ཏེ་རྒྱལ་པོར་དབང་བསྐུར་བའི་ནུབ་མོ་བཙུན་མོ་དེ་བྱུང་བ་ལ། ཡི་དམ་གྱི་ང་རྒྱལ་གྱིས་
དབྱུག་པ་བསྣུན་པས་དེ་ཤིའོ༎ ནང་པར་བློན་པོ་རྣམས་ཀྱིས་རྒྱལ་པོའི་སྤུར་བསྲེག་པའི་ཆེད་དུ་འོངས་པ་ན་རྒྱལ་པོ་མ་ཤི་བས་ཐམས་ཅད་ཡ་མཚན་སྐྱེས་ནས་ཀུན་འདུད་ཅིང་ཆབ་སྲིད་འཕེལ་ཏེ། གོ་བཱ་
ལ་ཞེས་པ་བ་ལང་སྐྱོང་ཞེས་གྲགས་སོ༎ དེ་ལ་བཙུན་མོ་ལྔ་བརྒྱ་ཡོད་པ་ལས་བཙུན་མོ་དབང་ཆུང་བ་ཞིག་གིས་དབང་དུ་བྱ་བའི་སྨན་གྲུབ་པ་རྒྱལ་པོ་ལ་མ་ཐེངས་པར་ཆུ་ནང་དུ་ལྷུང་ནས། རྒྱ་མཚོར་