R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 33a
[A:33a]སོང་བ་ཀླུའི་རྒྱལ་པོ་རྒྱ་མཚོས་ཟོས་པས་དེ་དབང་དུ་གྱུར་ཏེ། རྒྱལ་པོའི་ཆ་བྱད་དུ་བརྫུས་ནས་བཙུན་མོ་དང་འདུས་པས་སྲས་དེ་བ་པཱ་ལ་ལྷ་སྐྱོང་བྱུང་། རྒྱལ་པོ་ཁྲོས་ཏེ་ཆད་པ་
བཅད་པར་བརྩམས་པ་ན་སོར་གདུབ་བསྟན་པས་ཀླུའི་ཡི་གེ་བྱུང་སྟེ་བཙུན་མོ་ལ་ངའི་བུ་བྱུང་བ་རྒྱལ་སྲིད་དུ་ཞོག་ཅིག་ཅེས་བྲིས་པ་མཐོང་བས་བསྐྱེད་བསྲིངས་ཏེ་རྒྱལ་སར་བསྐོས། རྒྱལ་པོ་དེ་བ་པཱ་ལས་གཙུག་
ལག་ཁང་བརྩིགས་པར་འདོད་ནས་ལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས་ཏེ་རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས་ཤིང་དཀའ་ཐུབ་པའི་གནས་ནས་སྐོང་བུ་བླངས་ཏེ་
མར་མེ་སྦར་བ་ཡི་དམ་གྱི་མདུན་དུ་བཞག་སྟེ། གསོལ་བ་བཏབ་ན་ཆོས་སྐྱོང་གི་སྤྲུལ་པས་སྐོང་བུ་བསྐྱུར་བར་འགྱུར་བས་དེར་བརྩིགས་ཤིག་ཟེར་ནས། དེ་ལྟར་བྱས་པས་བྱ་རོག་ཅིག་བྱུང་ནས་སྐོང་བུ་མཚོར་
བསྐྱུར་བས་ཡི་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ་ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་བ་དང་། དེ་
བཞིན་བྱས་པས་ཞག་ཉེར་གཅིག་ནས་མཚོ་བསྐམས་ཏེ། དེར་ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་དཔེ་ཕྱི་དེ་བཞེངས་སོ༎ དེ་ལ་སྲས་མ་ཧི་བཱ་ལས་སྐྱོང་ཞེས་པ་བྱུང་བ་རྒྱལ་