[A:33b]པོར་བསྐོས་ཏེ་ཆབ་སྲིད་སྐྱོང་བ་ན་རྒྱ་གར་ཤར་ཕྱོགས་དེར་མུ་སྟེགས་པ་ཤིན་ཏུ་དར་བས་སྒྲོལ་མ་གྲུབ་པའི་རྣལ་འབྱོར་པ་ཞིག་གིས་མུ་སྟེགས་ཀྱི་རྟེན་རྣམས་བཤིག་པར་འདོད་ནས། སྒྲོལ་མ་ལ་གསོལ་བ་
བཏབ་པས་རྒྱལ་པོ་མ་ཧི་བཱ་ལ་ལ་ཞུས་ཞེས་ལུང་བསྟན། རྒྱལ་པོ་ལ་ཞུས་པས་བྷངྒ་ལའི་དམག་ཐམས་ཅད་བསྡུས་ནས་འགྲོ་བའི་ལམ་དུ་མི་ནག་པོ་གཅིག་འདུག་པ་ན་རེ། ང་མགོན་པོ་མཧཱ་ཀཱ་ལ་ཡིན།
བྱེ་མའི་ཕུང་པོ་འདིའི་འོག་ན་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ཞིག་ཡོད་པས་འདི་སོལ། མུ་སྟེགས་ཀྱི་རྟེན་བཤིག་པའི་དུས་སུ་དམག་ཐམས་ཅད་ཀྱིས་ཁྲིམས་སུ་བཅའ་བ་གྱིས་ལ་རོལ་མོ་དུས་གཅིག་
ཏུ་ཁྲོལ་ཞིག་དང་ངས་གྲོགས་བྱའོ་ཟེར་ཏེ་མི་སྣང་བར་སོང་། དེར་བྱེ་མ་བསལ་བས་གཙུག་ལག་ཁང་ཞིག་བྱུང་བ། ཏྲི་ཀ་ཊུ་ཀ་ཞེས་པ་ཚ་བ་གསུམ་གྱི་གཙུག་ལག་ཁང་ཞེས་པ་འམ། སོ་མ་བུ་རི་ཟླ་བའི་
གྲོང་གི་གཙུག་ལག་ཁང་ཞེས་གྲགས་སོ༎ དེ་ནས་རོལ་མོའི་སྒྲ་ཁྲོལ་ཞིང་མུ་སྟེགས་པའི་རྟེན་གྱི་མཐའ་ལ་བསྐོར་བས་དེ་རྣམས་རང་ཞིག་ལ་སོང་སྟེ་མུ་སྟེགས་པའི་ལུགས་རྣམས་ཉམས། སངས་རྒྱས་ཀྱི་
བསྟན་པ་ཕྱོགས་ཐམས་ཅད་དུ་རྒྱས། རྒྱལ་པོའི་ཆབ་སྲིད་ཀྱང་འཕེལ་ཏེ་ཤར་ཕྱོགས་པ་རེནྡྲའི་ས་ཐམས་ཅད་ཆབ་འོག་ཏུ་འདུས་པས་དེ་རྒྱལ་པོ་དེ་བ་པཱ་ལ་བས་ཀྱང་མངའ་ཐང་ཆེའོ༎ དེའི་ཚེ་ཤྲཱི་ན་ལནྡ་ན་