R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 34a
[A:34a]མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་ཀམྦ་ལ་སྟེ་ལ་བ་པ་ཞེས་པ་ཤེར་ཕྱིན་དགུ་པ་མཛད་པ་པོ་དེ་རྒྱལ་པོར་སྐྱེ་བ་བཞེས་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བར་
མངོན་ཤེས་ཀྱིས་གཟིགས་ཏེ། རྒྱལ་པོ་ས་སྐྱོང་གི་བཙུན་མོའི་རྨི་ལམ་དུ་དགེ་སློང་ཆོས་གོས་དམར་སེར་ཅན་ལྷུང་བཟེད་དང་གསིལ་བྱེད་ཐོགས་པ་ཞིག་གནས་གཡར་ཟེར་བ་ལ་ཁས་བླངས་པས། སློབ་
དཔོན་ལ་བབ་པ་འཕོས་ཏེ་དེའི་སྲས་སུ་སྐུ་སྐྱེ་བ་བཞེས་པ། རྒྱལ་པོ་དྷརྨ་པཱ་ལ་ཞེས་པར་གྱུར་ནས་མངའ་ཐང་ཤིན་ཏུ་ཆེ་བས་ཡུལ་དབུས་མ་ག་དྷ་ཡང་ཆབ་འོག་ཏུ་འདུས་སོ༎ རྒྱལ་པོ་དེས་རྡོ་རྗེ་གདན་གྱི་བྱང་ཆུ་བོ་
གངྒཱའི་ལྷོ་འགྲམ་ན་བྲག་དེའུ་ཞིག་ཡོད་པའི་སྟེང་དུ་བི་ཀྲ་མ་ཤཱི་ལ་རྣམ་པར་གནོན་པའི་ཚུལ་ཁྲིམས་ཀྱི་གཙུག་ལག་ཁང་བཞེངས་ཏེ་བོད་རྣམས་ནི་བྲི་ཀ་མ་ལ་ཤཱི་ལ་ཟེར་ཏེ་མ་དག་གོ། དེ་བཞིན་དུ་ན་ལེནྡར་
ཡང་སྔོན་ཤཱ་རིའི་བུའི་འཁྲུངས་ས་དེ་ཡིན་ལ། དེར་རྒྱལ་པོས་གཙུག་ལག་ཁང་བརྩིགས་པས་ན་ལེནྡའི་གཙུག་ལག་ཁང་ཞེས་གྲགས་ཏེ། དེར་རྡོ་རྗེ་ཐེག་པ་དར་བས་ཤྲཱི་ན་ལེནྡ་དཔལ་རྒྱུན་སྟེར་ཞེས་པ་
ཡིན་པ་ལ་བོད་རྣམས་ནི་ན་ལེནྟྲ་ཞེས་ཟེར་རོ༎ རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་བོད་ཀྱི་རྒྱལ་པོ་ནི་སད་ན་ལེགས་འཇིང་ཡོན་ཁྲི་ལྡེ་སྲོང་བཙན་ཡོད་པར་རྒྱལ་ཆེན་བང་སོའི་རྡོ་རིངས་༼རིང་༽ཡི་གེ་ལས་བྱུང་། དྷརྨ་པཱ་ལས་