R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 34b
[A:34b]སྦྱིན་བདག་བྱས་ཏེ་སློབ་དཔོན་སེང་གེ་བཟང་པོས་སོ་མ་པུ་རིར་བརྒྱད་སྟོང་འགྲེལ་ཆེན་མཛད། དེ་ནས་ཇོ་བོ་རྗེ་གདན་ལ་བཞུགས་དུས་ནེ་ཡ་བཱ་ལ་ཡོད་ལ། དེའི་སྲས་མཧཱ་བཱ་ལ་རྒྱལ་པོར་བསྐོས་པའི་
ཚེ་དེས་ཇོ་བོ་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་ཞེས་ལམ་ཡིག་ལས་འབྱུང་ཞིང་། དེ་རྗེས་རྒྱལ་པོ་ཤིང་སྟན་ཅན་ར་མ་གཱ་ལ་བྱུང་ངོ་༎ ༎ སློབ་དཔོན་ཙི་ལུ་པ། དེ་དག་ལས་རྒྱལ་པོ་དེ་བ་པཱ་ལའི་དུས་སུ་སློབ་དཔོན་
ཙི་ལུ་པ་བྱོན་ཏེ། དེ་ནི་རྒྱ་གར་ཤར་ཕྱོགས་ན་བྷངྒ་ལ། བ་རེནྡྲ། ཨོརྦོ་ས། ཀཱ་མ་རཱུ་པ་བཞི་དང་། ཡུལ་དབུས་ན་མ་ག་དྷ་སྟེ་ཡུལ་ཆེན་པོ་ལྔ་ཡོད་པ་ལ་ཤར་ཕྱོགས་པཉྩ་གཽ་ཌ་ཞེས་གྲགས་
པའི་ཨོརྦི་སར་རྣལ་འབྱོར་པ་ཅིག་གི་སྲས་སུ་འཁྲུངས། བྱིས་པའི་དུས་ན་རབ་ཏུ་བྱུང་བས་ཙི་ལུ་པ་ཞེས་བྱ་ལ། སྡེ་སྣོད་མཐའ་དག་ལ་སྦྱངས་ཤིང་རིག་པའི་གནས་ལྔ་ལ་མཁས་པས་ཙི་ལུ་པཎྜི་ཏར་
གྲགས། སྔགས་ཀྱི་སྡེ་སྣོད་རྒྱ་གར་ཤར་ནུབ་ན་བཞུགས་པ་ཐམས་ཅད་གསན་ནས། རྒྱལ་པོ་དྷརྨ་པཱ་ལའི་སྐབས་སུ་ལུང་ལ་ཡིད་ཆེས་པའི་ཕྱིར། རཏྣ་གི་རི་བི་ཧཱ་ར་རིན་ཆེན་རི་བོའི་གཙུག་ལག་ཁང་
དང་། བི་ཀྲ་མ་ཤཱི་ལ་དང་། ན་ལནྡ་རྣམས་སུ་སྡེ་སྣོད་ཀྱི་པོ་ཏི་མཐའ་དག་གཟིགས་ཤིང་། ཁྱད་པར་དུ་ཏུ་རུཥྐའི་གནོད་པ་མི་འབྱུང་བ་རིན་ཆེན་རི་བོར་སྔགས་ཀྱི་པོ་ཏི་མཐའ་དག་གཟིགས་པས་སྤྱིར་ཚེ་