[A:35a]གཅིག་གིས་སངས་རྒྱས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང་། དེའི་སྦས་དོན་རྣམས་གསལ་བར་བྱེད་པ་ལ་བྱང་ཆུབ་སེམས་དཔའི་འགྲེལ་པ་དགོས་ལ། དེ་
ཤམྦྷ་ལ་ན་སྤྲུལ་པའི་རྒྱལ་པོས་སྟོན་པ་ཡོད་ཅེས་པ་འདུག་པ་དང་། ཡི་དམ་གྱི་ལྷས་ཀྱང་ལུང་བསྟན་པ་ལ་བརྟེན་ནས་ནོར་བུ་ལེན་པའི་ཚོང་བ་དང་འགྲོགས་ཏེ། རྒྱ་མཚོ་ལ་གཟིངས་བཏང་ནས་ཕྱིན་པས་
གླིང་ཕྲན་ཞིག་ཏུ་སླེབས་པ་ན། ཚོང་པ་རྣམས་ཟླ་བ་དྲུག་ན་གླིང་དེར་སླེབས་པའི་དུས་བྱས་ཏེ། ཚན་ཚན་དུ་གྱེས་ནས་ནོར་བུའི་གླིང་སོ་སོར་སོང་ཞིང་སློབ་དཔོན་གྱིས་ཤམྦྷ་ལའི་ལམ་ཡིག་བཟུང་སྟེ་རི་ཆེན་པོ་
ཞིག་ལ་འཛེགས་ནས་ཕྱིན་པས། རི་དེའི་རྩེར་དགེ་སློང་ཤིན་ཏུ་གཟུགས་བཟང་བ་ཞིག་དང་འཕྲད་པས་དེ་ན་རེ་ཁྱོད་གར་འགྲོ་ཟེར་བ་ལ། ཤམྦྷ་ལར་བྱང་ཆུབ་སེམས་དཔའི་སྒོར་ཚོལ་དུ་འགྲོ་བྱས་པས་
དེར་ནི་ཤིན་ཏུ་བགྲོད་དཀའ་སྟེ་ཤེས་པ་བྱུང་ན་འདིར་ཡང་ཉན་པས་ཆོག་མོད་ཟེར་བ་དང་། རྭ་བ་རྣམས་དེ་འཇམ་དཔལ་གྱི་སྤྲུལ་པར་ཤེས་གསུང་། ཁ་ཅིག་རིགས་ལྡན་པདྨ་དཀར་པོའི་སྤྲུལ་པར་ཤེས་
གསུང་སྟེ་དེ་ལ་ཕྱག་བྱས། མཎྜལ་ཕུལ། གསོལ་བ་བཏབ་པས་དབང་རྒྱུད་འགྲེལ་མན་ངག་མཐའ་དག་སྣང་༼གནང་༽ཞིང་། ཞག་རེ་ལ་ཤླཽ་ཀ་སྟོང་ཟིན་པར་གྱུར་པས་ཀྱང་གཟུང་ཞིང་། སྤྲུལ་པ་དེས་མེ་ཏོག་སྤྱི་