[A:35b]བོར་བཞག་ནས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་པས་ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་ཐུགས་སུ་ཆུད་པ་དང་སྤྲུལ་པ་དེ་མི་སྣང་བར་གྱུར་ཏོ༎ དེ་
ནས་སླར་ལོག་པ་ན་ཚོང་བ་རྣམས་དང་ཡང་འཛོམ་ནས་གཟིངས་ལ་ཞུགས་ནས་འོངས་ཏེ་ན་ལེནྡར་བྱོན། ཀ་ཏ་ཀའི་རྒྱལ་པོའི་སར་བཞུགས་པས་སློབ་མ་གསུམ་བྱུང་། དེ་རྣམས་ཀྱིས་རྒྱུད་འགྲེལ་རྣམས་
གླེགས་བམ་ལ་འདྲི་༼འབྲི་༽བར་ཞུས་པས་བྲིས་སོ༎ སློབ་མ་གཅིག་ཐ་མལ་པ་ཞིག་བྱུང་། གཅིག་རྒྱལ་པའི་འབྱུང་གནས་སྦས་པ་ཞེས་པ་གྲུབ་པ་བརྙེས་པ་ཞིག་བྱུང་། གཅིག་པཎྜི་ཨཱ་ཙརྱ་སྟེ། དེ་ནི་ལྷོ་ཕྱོགས་
རྒྱ་མཚོའི་གླིང་ཕྲན་ཞིག་ཏུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། བྷངྒ་ལར་བྱོན་ཏེ་བསོད་སྙོམས་མཛད་པས་པི་ཏོ་ཨཱ་ཙརྱ་སློབ་དཔོན་བསོད་སྙོམས་པ་ཞེས་པ་མཁས་པ་ཆེན་པོ་ཞིག་བྱུང་སྟེ།
དེས་སེམས་འགྲེལ་མ་ལུས་པ་ཐུགས་སུ་ཆུད་ཅིང་ཐུགས་ཉམས་སུ་བཞེས་སོ༎ དེ་ནས་ཡུལ་དེར་རྒྱལ་པོ་གཞན་གྱི་དམག་བྱུང་བས་རྒྱུད་འགྲེལ་གྱི་དཔེ་ཐམས་ཅད་དོང་དུ་སྦས་ཏེ་བྲོས། དམག་གྱེས་ནས་
བལྟས་པས་མ་ཚང་ནས་སློབ་མ་རྣམས་ཀྱང་སླར་ཡང་ཙི་ལུ་པཎྜི་ཏ་ལ་འདྲི་༼འབྲི་༽བར་ཞུས་པས། མཁའ་འགྲོ་མས་སྦས་པས་བྲིར་མི་རུང་གསུང་ནས་མ་གནང་བར་ཙི་ལུ་པ་མེ་ཏོག་ཁྱིམ་ཞེས་པ་རྒྱ་གར་ཤར་ཕྱོགས་