R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 36a
[A:36a]ཀྱི་བསྟི་གནས་སུ་གཤེགས་སོ༎ དོང་ནས་སྟོན་དུས་མ་ཚང་བ་ལ་ཁ་ཅིག་བདེ་དགྱེས་གཉིས་ཀྱི་འགྲེལ་པའི་སྨད་མ་ཚང་བ་ཡིན་ཟེར་ཏེ། རྡོ་རྗེ་སྙིང་འགྲེལ་དུ་བདེ་མཆོག་
གི་འགྲེལ་པ་དེ་ཚིགས་སུ་བཅད་པ་ཕྱེད་དང་བཅུ་གསུམ་གྱི་འགྲེལ་པ་ཡིན་པར་བཤད་ཅིང་། བདེ་མཆོག་སྟོད་འགྲེལ་དེ་ཉིད་དུའང་། གཙོ་བོར་རྩ་བའི་རྒྱུད་དམ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་
པའི་འགྲེལ་བཤད་ཀྱིས་མཐའ་དྲུག་གི་དོན་འདི་ཐམས་ཅད་ཡུལ་གཞན་ལྷོ་དང་བྱང་དུ་སོང་སྟེ་ཤེས་པར་བྱའོ་ཞེས་གསུངས་ལ། རྡོ་རྗེ་སྙིང་འགྲེལ་དུའང་། འདི་ལས་ཀྱིས་སྤྱོད་པའི་ལེའུ་ལ་སོགས་
པ་ནི་རྒྱ་ཆེར་རྟོགས་པར་བྱའོ་ཞེས་གསུངས་པས། འགྲེལ་པ་གཉིས་ད་ལྟ་བོད་དུ་འགྱུར་བའི་ཚད་འདི་ཁོ་ན་བྱང་ཆུབ་སེམས་དཔས་རྗེས་སུ་གནང་ངོ་ཞེས་བྱ་བར་རིགས་སོ༎ དེས་ན་མ་ཚང་བ་ནི་རྩ་རྒྱུད་
རྩ་འགྲེལ་ཡིན་པར་མངོན་ཏེ། རྩ་རྒྱུད་ཀྱི་དུམ་བུ་ཐར་ལོས་བསྒྱུར་བ་དང་ཟླ་བ་བཟང་པོས་མཛད་པའི་འགྲེལ་པའི་དུམ་བུ་ཕན་གནོད་སུམ་ཅུ་རྩ་གཉིས་པའི་རྒྱ་དཔེ་པཎ་ཆེན་བྷཱུ་མི་ཤྲཱིས་བསྣམས་པ་བུ་སྟོན་
རིན་པོ་ཆེས་བསྒྱུར་བ་དག་དེའི་དུས་ཀྱི་དཔེ་འཁྱར་བ་ཡིན་པར་སྣང་ངོ་༎ དེ་ལྟ་བུའི་སློབ་དཔོན་དཔོན་སློབ་གཉིས་ལ་ཙི་ལུ་པ་ཆེ་ཆུང་ངམ། པཎྜི་བ་ཆེ་ཆུང་ཞེས་གྲགས་པས་བསོད་སྙོམས་པ་བླ་མར་བྱས་ཏེ་