[A:37a]དམ་གྱི་ལྷ་སྒྲོལ་མ་ལ་དངོས་སུ་ཅི་འདོད་ཞུར་ཡོང་བས། དེས་ཤམྦྷ་ལ་ནས་རྒྱུད་སྡེ་མང་པོ་དང་སེམས་འགྲེལ་རྣམས་སྤྱན་དྲོངས་ཤིག སེམས་ཅན་ལ་ཕན་ཐོགས་པར་འགྱུར་
རོ་ཞེས་ལུང་བསྟན། འཛམ་བུའི་གླིང་ཉིད་ལ་བྱང་དུ་ཕྱིན་ན་མྱ་ངམ་གྱི་ཐང་ལ་ཟླ་བ་བཞི་བགྲོད་དགོས་ཤིང་སྲོག་གི་བར་ཆད་དུ་འགྲོ་བས་ཕྱིའི་རྒྱ་མཚོ་ལ་ཚོང་པ་དང་ལྷན་ཅིག་གཟིངས་ལ་བྱོན་ཏེ་ཚོང་པ་རྣམས་
ནོར་བུའི་གླིང་དུ་སོང་། སློབ་དཔོན་གྱིས་བྱང་ཕྱོགས་སུ་བྱོན། རྒྱ་མཚོའི་གླིང་གི་རི་ཞིག་ལ་འཛེགས་ཏེ་བྱོན་པས་ཁ་ཅིག་རིགས་ལྡན་དཔལ་སྐྱོང་ཞེས་ཟེར། ཁ་ཅིག་པད་དཀར་ཞེས་ཟེར་ཏེ་རིགས་ལྡན་
གྱི་རྣམ་འཕྲུལ་མི་དཀར་པོ་གཅིག་བྱུང་ནས། ཁྱོད་གང་ནས་འོངས་གང་དུ་འགྲོ་ཅི་ལ་འོངས་གསུངས་པ་ལ། ང་རྒྱ་གར་ཤར་ཕྱོགས་ནས་འོངས། བྱང་ཤམྦྷ་ལར་རིགས་ལྡན་ལ་དུས་ཀྱི་འཁོར་ལོའི་
ཆོས་ཞུར་འགྲོ་བྱས་པས། ཡུལ་དེར་འཕགས་པ་མིན་པ་གཞན་སུས་ཀྱང་མི་ཐར་བར་ཁྱོད་ཀྱི་བགྲོད་པ་འདི་ལྟ་བུས་བགྲོད་པར་མི་ནུས། འདིར་ཤེས་པ་བྱུང་ན་ཉན་པར་བྱེད་དམ་གསུང་བ་དང་། དེ་
རིགས་ལྡན་གྱི་རྣམ་འཕྲུལ་དུ་མཁྱེན་ནས་ཕྱག་དང་བསྐོར་བ་མང་དུ་བྱས། མཎྜལ་ཕུལ་ནས་བདག་རྗེས་སུ་བཟུང་དུ་གསོལ་ཞེས་ཞུས་པས། འཕགས་པའི་ཡུལ་གྱི་འགྲོ་བ་རྣམས་ཀྱི་ཆེད་དུ་ཁྱོད་ཉིད་