R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 38a
[A:38a]པར་མཆོག་གི་དངོས་གྲུབ་བརྙེས་སོ༎ རྒྭ་ལོའི་གསུང་ལས་སློབ་དཔོན་འདི་ཀླུའི་བྱང་ཆུབ་ཀྱི་སློབ་མ་ཡིན་ཞེས་ཀྱང་འབྱུང་ངོ་༎ དབང་མདོར་བསྟན་ནི་རྩ་བའི་རྒྱུད་ཀྱི་ལེའུ་
དང་པོ་ན་ལེའུ་འོག་མ་རྣམས་ཀྱི་མདོར་བསྟན་རེ་ཡོད་པའི་དབང་གི་མདོར་བསྟན་ཟུར་དུ་ཕྱུང་བ་སྟེ་རྩ་རྒྱུད་ཀྱི་དུམ་བུའོ༎ དབང་རབ་བྱེད་ནི་བསྡུས་རྒྱུད་ལས་ཕྱུང་བ་ཡིན་པས་དེ་ཉིད་དུ་རྟོགས་སོ༎ སློབ་དཔོན་
འདི་ལ་སློབ་མའི་མཆོག་ཀྱང་དུས་ཞབས་པ་ཆུང་བ་ཨ་ཝ་དྷཱུ་ཏཱི་པ། ནཱ་རོ་པ། སཱ་དྷུ་པུ་ཏྲ། དུས་འཁོར་ཞབས་ཆུང་བ་ཤྲཱི་བྷ་དྲ་བོ་དྷི། དུས་འཁོར་ཞབས་ཆུང་བ་ན་ལནྡ་པ། རཏྣ་ཀཱ་ར་གུཔྟ། ཐར་བའི་
འབྱུང་གནས་སྦས་པ། འདུལ་པའི་འབྱུང་གནས་བློ་གྲོས། སེང་གེ་རྒྱལ་མཚན། མཐའ་ཡས་རྣམ་རྒྱལ་རྣམས་བྱུང་ངོ་༎ ༎ ཨ་ཝ་དྷཱུ་ཏི་པ། ཨ་ཝ་དྷཱུ་ཏི་པ་ནི། རྒྱ་གར་ན་དགེ་སློང་བློ་ཤིན་ཏུ་བརྟུལ་
བ་ཞིག་གིས་ལྷ་མོ་ཀུ་རུ་ཀུལླེའི་ཤེས་རབ་སྒྲུབ་པ་བྱས་པས་ལྷ་མོས་རྨི་ལམ་དུ་བསྟན་པ། བྱི་རུ་ལ་ཀུ་རུ་ཀུལླེའི་སྐུ་བཟོས། དུར་ཁྲོད་ནས་བུད་མེད་དབང་པོ་ཚང་བའི་རོ་གཅིག་ལོང་ལ་དེའི་ཁར་ལྷ་མོའི་སྐུ་
དེ་བཅུག་ནས་ཁ་སྦུབ་པའི་རྒྱབ་ཏུ་སྐྱིལ་ཀྲུང་གིས་འདུག་ལ་ཞག་བདུན་སྒྲུབས་ཤིག་དངོས་གྲུབ་ཐོབ་པར་འགྱུར་རོ༎ ཞེས་པའི་ལུང་བསྟན་ལྟར་བསྒྲུབས་པས་ཞག་བདུན་སོང་བ་ན་རོ་དེ་སྟེང་དུ་ཁ་ལོག་སྟེ།