R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 38b
[A:38b]ཁྱོད་ཤེས་རབ་ཇི་ཙམ་འདོད་ཟེར་བས་མིག་གིས་མཐོང་ཚད་ཟིན་པར་བྱས་ཀྱང་འོང་བ་ཡིན་པ་ལ། བློ་བརྟུལ་བས་ཞུམ་ནས་ངས་བྲིས་ཟིན་པར་འདོད་བྱས་པས་དེ་ལྟར་བྱུང་། བསོད་
སྙོམས་མཛད་པས་བིཎྜ་ཨཱ་ཙརྱ་ཞེས་གྲགས་ཤིང་། ཕྱིས་ཡུལ་དབུས་སུ་ངག་གི་དབང་ཕྱུག་གྲགས་པ་ཞེས་ཟེར་ཏེ། ཇོ་བོ་ཁ་སརྤ་ཎའི་གཙུག་ལག་ཁང་དུ་བཞུགས། དེས་དངུལ་གཞོང་ཞིག་ཏུ་
ལུད་པ་བསྐྱུར་བ་ཐམས་ཅད་ལོངས་སྤྱོད་དུ་གྱུར་པས་སྦྱིན་པ་ཕྱོགས་མེད་དུ་གཏོང་ཞིང་ཕྱོགས་བཞིར་པཎ་ཆུང་གསུམ་གསུམ་ལ་ཆོས་གསུང་བ་ཞིག་གོ། དེས་དཔལ་དུས་ཞབས་པ་ཆེན་པོའི་ཞབས་
ལ་གཏུགས་ཏེ་རྒྱུད་ཇི་ཙམ་མཁྱེན་དྲིས་པས་ལན་སྩལ་པའི་རྒྱུད་ཀྱི་མཚན་ཙམ་ཡང་འཛིན་པར་མ་ནུས་སྐད། དེ་ནས་ཆོས་འདིའི་དབང་རྒྱུད་གདམས་པ་དང་བཅས་པ་གནང་། སྒྲུབ་པ་མཛད་པས་
མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ་མཚན་ཡང་ཨ་ཝ་དྷཱུ་ཏཱི་པ་ཞེས་ཟེར་ལ་དུས་འཁོར་ཞབས་པ་ཞེས་སུ་ཡང་གྲགས་སོ༎ འདིས་བཀའ་འགྲེལ་པདྨ་ཅན་དང་། སྦས་པ་མིག་འབྱེད་རྩ་འགྲེལ་དང་།
དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ཆོ་ག་སོགས་བསྟན་བཅོས་མང་དུ་མཛད་དོ༎ དེ་ལ་སློབ་མ་མང་དུ་བྱུང་ཡང་ཕལ་ཆེར་རྣལ་འབྱོར་པར་གྱུར་ནས་བཤད་པའི་སྲོལ་འཛིན་པ་ནི་དུས་ཞབས་པ་ཆུང་བ་