R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 4a
[A:4a]པ་དག་ཀྱང་སྐྱེ་བ་དེ་ཉིད་ལ་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ལམ་ཟབ་མོ་རྡོ་རྗེའི་རྣལ་འབྱོར་རྫོགས་པའི་རིམ་པ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་དངོས་ཀྱི་ཉེ་ལམ་
སྦྱོར་བ་ཡན་ལག་དྲུག་ཐུགས་ཉམས་སུ་བཞེས་པས། ཡན་ལག་དང་པོས་ནི་ཡེ་ཤེས་ཀྱི་རླུང་བཅུ་མངོན་དུ་གྱུར་ནས་ཤའི་མིག་གིས་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷཱུ་ཏིར་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་གཟུགས་
མཐོང་སྟེ་རྡོ་རྗེའི་ཚིག་གྲུབ། གཉིས་པས་ནི་ནང་གི་དབང་པོའི་མངོན་སུམ་གྱི་ཡུལ་ཡུལ་ཅན་རོ་གཅིག་ཏུ་གྱུར་ནས་ཉན་རང་ལས་འདས་པའི་མངོན་པར་ཤེས་པ་ལྔ་གྲུབ་སྟེ། ཐེག་པ་ཆེན་པོའི་ཚོགས་ལམ་ཆེན་པོ་
ཐོབ། གསུམ་པས་ནི་བུམ་པ་ཅན་གྱི་སྦྱོར་བས་རླུང་བཅུ་དབུ་མར་ཞུགས་ཏེ་ལུས་འོད་ཀྱི་དཀྱིལ་འཁོར་དུ་ཆུད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང་བསྔགས། སྦྱོར་ལམ་དང་པོ་ཐོབ་པོ༎ བཞི་པས་
ནི་སྲོག་ཐུར་རོ་མཉམ་པའི་རླུང་དབུ་མ་འབའ་ཞིག་ནས་རྒྱུ་བ་འཁོར་ལོ་དྲུག་གི་ལྟེ་བར་བཀག་པས་གཙུག་ཏོར་གྱི་ཧཾ་ལ་ཟིན་པའི་ཡིད་ཀྱི་མངོན་སུམ་གྲུབ་སྟེ་བཤང་གཅི་ཟད་ཅིང་འཆི་འཕོ་བ་དང་སྐྱེ་བ་ཟད་དེ་རྩེ་མོ་ཐོབ།
ལྔ་པས་ནི་ཡེ་ཤེས་ཀྱི་གཏུམ་མོ་འབར་བས་ཁམས་གསུམ་པའི་སྟོང་གཟུགས་མཐའ་ཡས་པ་སྤྲོ་བར་ནུས་པའི་རྣལ་འབྱོར་གྱི་མངོན་སུམ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྲུབ་ཏེ་བཟོད་པ་ཐོབ། དྲུག་པས་ནི་གཡོ་བ་