R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 4b
[A:4b]དང་བཅས་པའི་ལྷན་ཅིག་སྐྱེས་པ་མི་གཡོ་བར་རང་རིག་པའི་མངོན་སུམ་གྱིས་མི་འགྱུར་བའི་བདེ་བ་སྐད་ཅིག་མ་སྟོང་བརྒྱད་བརྒྱ་རེ་ཐོབ་པ་ན། བདེ་བ་དེས་སྙིགས་མའི་ཕུང་ཁམས་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་
བྱས་པའི་ཆ་སྟོང་བརྒྱད་བརྒྱ་རེ་ཟོས་ནས་དངོས་ཏེ་ས་དང་པོ་ཐོབ་པོ༎ དེ་ལྟ་བུའི་ཚུལ་གྱིས་ཆོས་ཀྱི་མཆོག་ལ་ས་བཅུ་གཉིས་སུ་རྣམ་པར་བཞག་པའི་ས་བཅུ་གཉིས་ཐོབ། དེའི་ཚེ་རྟེན་འབྲེལ་བཅུ་གཉིས་ཀྱི་བདག་
ཉིད་འཁོར་བའི་ལུས་ངག་ཡིད་ཟད་ཅིང་འཛག་བདེ་འཕོ་བའི་བག་ཆགས་འགགས་ཏེ། མི་འགྱུར་བའི་བདེ་བའི་ཡེ་ཤེས་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས། མཐོང་བའི་ལམ་དང་། སློབ་པའི་ཟུང་འཇུག་
དང་། རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་འཛིན་པའི་སྐུ་དང་། འཕགས་པའི་ས་དང་པོ་རབ་ཏུ་དགའ་བ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པའི་ཡེ་ཤེས་ཀྱི་སྐུ་ཞེས་
པ་གྲུབ་པོ༎ གྲུབ་པའི་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ཀྱང་། ལུས་ནི་དང་ཞིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར༎ སྣ་ཚོགས་འཇིག་རྟེན་གསུམ་
པོ་ཉིད་ནི་དང་ཞིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་༎ སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ༎ སེམས་ནི་དམ་པའི་བདེ་བས་གང་ཞིང་མི་