R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 43b
[A:43b]ཁ་ཆེ་ཟླ་བ་མགོན་པོ་དང་། པཎྜི་ཏ་རི་བོ་དང་། ཨ་ཙ་ལ་གརྦྷ་དང་། ནཱ་ན་ཤཱ་དང་། པུཎྱ་ཆེན་པོ་དང་། ཁ་ཆེ་གམྦྷ་ར་དང་། ཤཱནྟ་གུཔྟ་དང་། གུ་ཎ་རཀྵ་ཏ་ལ་སོགས་པ་མཁས་པ་མང་དུ་བྱུང་ཞིང་།
རྒྱལ་རིགས་དང་། རྗེ་རིགས་དང་། ཚོང་བ་ལ་སོགས་པ་རྣམས་ཀྱང་དད་ནས་དཔེ་འདྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ་ཤིན་ཏུ་དར་བར་གྱུར་ཏོ༎ ན་ལེནྡར་བཞུགས་པས། རྔ་ཤ་ལ་སྡོང་པོ་གྲགས་
ཤིང་དེར་དུས་འཁོར་གྱི་ལྷ་ཁང་ཡང་བཞེངས། དུས་འཁོར་ཞབས་ཆེན་པོ་དང་ཡོན་ཏན་མཉམ་ཞིང་རྒྱ་གར་ཤར་ནུབ་ཀུན་ཏུ་དུས་འཁོར་ཞབས་ཆུང་བ་ཞེས་སྙན་པར་གྲགས་སོ༎ ༎ འཇིགས་མེད་འབྱུང་གནས་སྦས་པ།
ཨཀྵ་ཡཱ་ཀ་ར་གུཔྟ་འཇིགས་མེད་འབྱུང་གནས་སྦས་པ་ནི། བོད་ཁ་བ་ཅན་འདིར་བསྟན་པ་ཕྱི་དར་གྱི་མགོ་ཚུགས་ནས་ལོ་ཉི་ཤུ་རྩ་ལྷག་པ་ན། རྒྱལ་བ་བྱོན་པ་བཞིན་རྒྱ་གར་ལྷོ་ཕྱོགས་ཨུ་ཌ་ཨི་ཤར།
བྲམ་ཟེ་དྷརྨཱ་ཀ་ར་ཎ་ཞེས་པ་རིག་བྱེད་ལ་མཁས་ཤིང་འབྱོར་པ་ཕུན་སུམ་ཚོགས་པ་ཞིག་གི་སྲས་སུ་འཁྲུངས། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བས་སྒྲ་ཚད་བཟོ་གསོ་བ་ལ་མཁས་པར་ལོབས་ཏེ། ཡུལ་དེའི་ཨཱ་
མྲའི་ཚལ་དུ་སྒོ་བསྡམས་ནས་སྒྲའི་པོ་ཏི་གཅིག་བལྟ་བའི་སྐབས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བུད་མེད་གཞོན་ནུ་མཛེས་མ་ཞིག་ཏུ་སྤྲུལ་ནས་བྱུང་པ་ལ་ཁྱོད་སུ་ཡིན་ཅི་ལ་འོངས་བྱས་པས། དེ་ན་རེ་ང་གདོལ་པ་