R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 44b
[A:44b]གུཔྟ་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་བསྙེན་པར་རྫོགས། དེའི་དྲུང་དུ་སྡེ་སྣོད་གསུམ་དང་ཁྱད་པར་རྒྱུད་སྡེ་མང་དུ་གསན། སཽ་རིར་དུར་ཁྲོད་ཀྱི་དགོན་པ་ཨི་ཏྲི་རི་ཞེས་པར་སྒོ་གསུམ་རིམ་བསྡམས་
པའི་མུན་ཁང་དུ་སྒོམ་ཞིང་བཞུགས་པའི་ཚེ་ཚེས་བརྒྱད་ཀྱི་ནུབ་མོ་བླ་མའི་གཡོག་མོ་ཡིན་ཟེར་བའི་བུ་མོ་ཞིག་ཚོགས་ཀྱི་ཡོ་བྱད་ཐོགས་ཏེ། བླ་མ་རཏྣ་ཀ་ར་གུཔྟས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་སྐལ་པ་ཁྱོད་
ལ་སྐྱེལ་དུ་བཏང་བ་ཡིན་པས་འདི་ཟོ་ཞིག་ཟེར་རོ༎ ང་དགེ་སློང་ཡིན་པས་ལོངས་སྤྱད་དུ་མི་རུང་ངོ་བྱས་པས་ལན་གསུམ་གྱི་བར་དུ་ཟོ་ཟེར་ཡང་ལོངས་མ་སྤྱད་པས། ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་མཆོད་པ་བྱས་
པས་ངས་དངོས་གྲུབ་ལན་གསུམ་དུ་སྐྱེལ་དུ་འོངས་པ་ཡིན་ཏེ་ཁྱོད་མི་འདོད་པར་འདུག་ཟེར་ཏེ་ཚོགས་དང་བུད་མེད་མི་སྣང་བར་གྱུར་ཏོ༎ སྒོ་གསུམ་རིམ་བཅད་པ་ཡང་དེ་ཁོ་ན་བཞིན་འདུག་པས་བླ་མའི་དྲུང་དུ་་ཕྱིན་
ནས་མདང་ཚོགས་སྐྱེལ་དུ་བཏང་ངམ་ཞུས་པས། ཁྱེད་དེ་ལ་རྟོག་པ་ཆེ་བར་འདུག་པས་མ་བཏང་། ཡི་དམ་གྱིས་དངོས་གྲུབ་སྐྱེལ་དུ་བྱོན་པར་འདུག་སྟེ་མ་ཤེས་པར་འདུག་གསུང་ངོ་༎ དེ་ནས་འགྱོད་དེ་དུར་
ཁྲོད་ཅིག་ཏུ་ཡི་དམ་གྱིས་དངོས་སུ་ལུང་མི་སྟོན་ན་ཤི་ཡང་བླའོ་ཞེས་ཟས་བཅད་དེ་ས་སྡེ་བཙུགས་པས། ཞག་བདུན་ན་རྨི་ལམ་དུ་བུད་མེད་རྒན་མོའི་ཆ་བྱད་ཅན་ཞིག་བྱུང་བས་མཐར་རྡོ་རྗེ་བཙུན་མོ་དངོས་སུ་