[A:45a]བསྟན་ཏེ་བུ་ཁྱོད་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་པས་ངས་བྱིན་གྱིས་བརླབས་ཀྱིས་བསྟན་བཅོས་མང་དུ་རྩོམས་ཤིག་བར་དོར་མཆོག་གི་
དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན། དེ་ནས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བྱོན་ནས་སྡེ་སྣོད་ཀྱི་བཤད་པ་མང་དུ་མཛད་ཅིང་བཞུགས་པའི་སྐབས་སུ། དུས་འཁོར་ཞབས་ཆུང་བས་
དུས་ཀྱི་འཁོར་ལོའི་སེང་གེའི་སྒྲ་བསྒྲགས་པས་མཁས་པ་ཐམས་ཅད་ཀྱིས་ཕྱག་བྱས་ཏེ་བསྟེན་པའི་སྐབས་སུ་དེ་ལས་སེམས་འགྲེལ་ཡན་ལག་དང་བཅས་པ་གསན། དེ་ནས་བི་ཀྲ་མ་ཤཱི་ལའི་མཁན་པོ་
མཛད་དེ་ཐམས་ཅད་མཁྱེན་པ་སངས་རྒྱས་ལྟ་བུར་བཞུགས་པས་མཚན་བརྗོད་པར་མི་ནུས། བི་ཀྲ་མ་ཤཱི་ལ་པཎྜི་ཏ་ཞེས་ཟེར་ཏེ་རྣམ་གནོན་ཚུལ་ཁྲིམས་ཀྱི་མཁས་པ་ཞེས་འཛམ་བུའི་གླིང་ཀུན་ཏུ་གྲགས།
བསིལ་བ་ཚལ་དུ་བྱོན་ནས་བསམ་གཏན་ལ་བཞུགས་པའི་ཚེ། དུར་ཁྲོད་དེ་རོ་མང་པོས་གང་བ་ལས་རོ་རྣམས་ཀྱི་གསེབ་ནས་མི་གཅེས་པ་ཞིག་ཡོད་པ་བསོས་བས་དྲིན་ལན་དུ་བསྙེན་བཀུར་ཆེན་པོ་ཡང་
བྱས་ཏེ་བྱང་ཆུབ་སེམས་དཔའ་ནུས་པ་དང་ལྡན་པར་གྲགས་སོ༎ འཕགས་པ་ཛམྦྷ་ལའི་ཞལ་གཟིགས། རྒྱལ་པོར་མ་པཱ་ལས་གྲོང་ཁྱེར་གཅིག་ཕུལ་ནས་གཙུག་ལག་ཁང་བཞེངས་པ་ལ་པཎྜི་ཏའི་