R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 45b
[A:45b]གཙུག་ལག་ཁང་དུ་གྲགས་ཏེ་དགེ་འདུན་བརྒྱ་ཉི་ཤུ་ཙམ་གྱི་འཚོ་བ་སྦྱོར་བ་ཡོད། ཡང་རྒྱལ་པོའི་བཙུན་མོས་སོ་ཕག་གི་སྤྱིལ་པོ་བརྩིགས་ནས་ཕུལ་བར་བཞུགས་པས། མཚན་སོ་ཕག་གི་གྲོང་པར་
ཡང་གྲགས། རྡོ་རྗེ་རྣལ་འབྱོར་མའི་རྗེས་སུ་གནང་བ་ལ་བརྟེན་ནས་གཞུང་ཤླཽ་ཀ་འབུམ་ཕྲག་གཅིག་བརྩམས་པ་ལས་འདུལ་བ་ལ་དགེ་སློང་གི་རིག་བྱེད་ཀྱི་འགྲེལ་པ་འདུལ་པ་སྣང་བ། མངོན་པ་ལ་སྣོད་
དང་སེམས་ཅན་གྱི་འཇིག་རྟེན་བསྡུས་པ། དབུ་མ་ལ་དབུ་མའི་སྙེ་མ། ཕར་ཕྱིན་ལ་བརྒྱད་སྟོང་བའི་འགྲེལ་པ་གནད་ཀྱི་ཟླ་འོད། ཕར་ཕྱིན་སྤྱིའི་དགོངས་འགྲེལ་ཐུབ་པ་དགོངས་རྒྱན། གསང་སྔགས་
ཀྱི་དགོངས་འགྲེལ་ལ་སམྦྷོ་ཊིའི་འགྲེལ་བ་མན་ངག་སྙེ་མ། སངས་རྒྱས་ཐོབ་པའི་འགྲེལ་པ་མི་འཇིགས་པའི་གཞུང་འགྲེལ། དུས་འཁོར་ལ་འཇུག་པ། རྒྱུད་འགྲེལ་གྱི་བརྒལ་ལན། དུས་འཁོར་གསལ་
བ་ཞེས་པའི་འགྲེལ་པ། སྡོམ་གྱི་ཚིག གསང་འདུས་རིམ་ལྔའི་འགྲེལ་པ་རིམ་པའི་ཟླ་འོད། བདེ་མཆོག་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རང་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་སེམས་དཔའ་སེར་པོ་དང་།
ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་དང་། ལུ་ཡི་པའི་མངོན་རྟོགས་ཏེ་སྒྲུབ་ཐབས་གྲགས་པ་ཅན་བཞི། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྡེ་གཉིས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་