R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 46b
[A:46b]ཐུ་བོ་ཤུ་བྷཱ་གུཔྟ་དགེ་བའི་འབྱུང་གནས་སྦས་པ་དང་། ཝ་གཱི་ཤྭ་ར་གུཔྟ་ངག་གི་དབང་ཕྱུག་སྦས་པ་དང་། བི་ཁྱཱ་ཏ་དེ་བ་རྣམ་པར་གྲགས་པའི་ལྷ་དང་། ནཱི་ཥཱ་ལངྐ་དེ་བ་རྙོག་པ་མེད་པའི་ལྷ་དང་། བྷསྐ་ར་གུཔྟ་
འོད་བྱེད་སྦས་པ་དང་། ནཱ་ཡ་ཀ་པཱ་ད་འདྲེན་པའི་ཞབས་ལ་སོགས་པའི་མཁས་གྲུབ་ཀྱི་སློབ་མ་རྒྱ་གར་ན་བསམ་གྱིས་མི་ཁྱབ་པ་ཡོད་ལ། བོད་ཀྱི་སློབ་མ་ལ་ཆེ་བར་གྲགས་པ་ལོ་ཙཱ་བ་གྲགས་པ་རྣམ་གསུམ་བྱུང་
སྟེ། ཙ་མི་སངས་རྒྱས་གྲགས་པ། ཁྱེའུ་གང་འཁོར་ལོ་གྲགས། སྤོང་ཞོ་གསལ་བ་གྲགས་པའོ༎ གཞན་ཡང་རྒྭ་ལོ་ཙཱ་བ་གཞོན་ནུ་དཔལ། རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག ལྡི་རི་ཆོས་གྲགས། ཏྲེ་བོ་ལོ་
ཙཱ་བ་ཤེས་རབ་དཔལ། གཉན་ལོ་ཙཱ་བ་དར་མ་གྲགས། ཤེའུ་ལོ་ཙཱ་བ་ལ་སོགས་པ་དུ་མ་ཡོད་དོ༎ དགེ་བའི་འབྱུང་གནས་སྦས་པའི་སློབ་མ་གྲུབ་ཐོབ་ལེགས་སྤྱོད་ཞབས། དེས་རཏྣ་རཀྵི་ཏ། དེས་བི་ཀྲ་མ་ཤཱི་
ལའི་མཁན་པོ་ཛོ་ན་རཀྵི་ཏ་དང་། བྷངྒ་ལའི་པཎྜི་ཏ་མ་ཎི་ཀ་ཤྲཱི་ཛྙཱ་ན་ལ་གནང་ངོ་༎ ཡང་དགེ་བའི་འབྱུང་གནས་སྦས་པས་མ་ག་དྷའི་པཎྜི་ཏ་མུ་ནཱིནྟྲ་ཤྲཱི་བྷ་དྲ་ཐུབ་དབང་དཔལ་བཟང་པོ། དེས་པཎྜི་ཏ་རཱ་ཧུ་ལ་ཤྲཱི་
བྷ་དྲ་སྒྲ་གཅན་འཛིན་དཔལ་བཟང་པོ་ལ་གནང་སྟེ། དེ་ནི་བྷངྒ་ལར་སྐུ་འཁྲུངས། མ་ག་དྷར་བསྙེན་རྫོགས་དང་གསན་པ་མཛད། ན་ལནྡའི་མཁན་པོར་བཞུགས། མ་ག་དྷའི་རྒྱལ་པོ་བུདྡྷ་སེ་ནའི་བླ་མ་ཡིན།