[A:48b]སྟོང་ཕྲག་མང་པོ་ལ་ཆོས་གསུངས། ན་ལནྡར་ཕྱོགས་བཞིའི་མུ་སྟེགས་ཀྱི་སྟོན་པ་ཚར་བཅད་པས་དེ་རྣམས་སྦྱིན་བདག་རྒྱལ་པོ་དང་བཅས་པ་བསྟན་པ་ལ་བཅུག རྒྱལ་པོ་དེས་ནོར་མང་པོ་ཕུལ་བ་ལས་རྟེན་
གསུམ་བཞེངས། གཞུང་རྩོམ་པ་དང་དྲི་བ་དགུའི་ལན་དུས་གཅིག་ཏུ་འདེབས། ཉི་མ་ལྟར་གྲགས་པ་ཤཱཀྱ་ཤྲཱི་ཞེས་འཕགས་པའི་ཡུལ་ཀུན་ཏུ་གྲགས། ཨོ་ཏནྡཱ་པུ་རིའི་གཙུག་ལག་ཁང་གི་སྡེ་པ་བཞིའི་
དགེ་འདུན་ཁྲི་ཉིས་སྟོང་གིས་བསུས་ཏེ་གཙོ་བོར་ཁུར་ནས་ཞབས་ལ་གཏུགས། འདམ་བུའི་ཚལ་དུ་རི་མོའི་བུད་མེད་ཀྱིས་བསོད་སྙོམས་ཕུལ་བ་བཞེས། ཁ་སརྤ་ཎིའི་གཙུག་ལག་ཁང་དུ་བཞུགས་དུས་ཨོ་
ཤྲཱི་དགེ་བའི་ནགས་འདབས་ན་སངས་རྒྱས་འཁོར་དང་བཅས་པ་ལ་ཀླུས་བསོད་སྙོམས་འདྲེན་པ་གཟིགས། གནས་གསེར་གྱི་ཏོག་ཅན་དུ་བཞུགས་པའི་ཚེ་རྒྱ་ནག་རྒྱལ་པོའི་གདན་འདྲེན་པ་བྱུང་བས་དཀར་ཞིང་
མཛེས་པའི་དགེ་སློང་ཞིག་གིས་ད་རེས་དུས་ལ་མ་བབ། མ་འོངས་པའི་དུས་སུ་བྱང་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན་ཏེ་ཐུགས་རྗེ་ཆེན་པོ་ཡིན་པར་འདུག་གསུངས། ཐུབ་པའི་དབང་པོས། ཚོགས་གཉིས་དབྱེར་
མེད་ལམ་གྱི་མཆོག། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན༎ ཞེས་སོགས་ཆོས་གསུངས་པ་དང་དེ་མི་བརྗེད་པའི་ཐོ་ཡིག་རང་གི་ལྤགས་པ་ལ་རང་གི་ཁྲག་གིས་བྲིས། རྡོ་རྗེ་གདན་དུ་དོན་ཞགས་ལྷ་ལྔའི་ཞལ་གཟིགས།