[A:49a]དེར་ལྷ་ལས་བབ་པའི་དུས་མཆོད་ཀྱི་ཚེ་སྤོས་ཀྱི་དུད་སྤྲིན་བར་སྣང་ལ་འཁྲིགས་པའི་སྒྲ་ལས་སྦྱོར་བ་ཡན་ལག་དྲུག་པ་གསན། སྐབས་ཤིག་ཏུ་སྒྲོལ་མའི་ཕྱག་གཡས་ཀྱི་མཐིལ་
ན་གསེར་དང་དངུལ་དང་བཻ་ཌཱུརྱའི་ཡི་གེ་ཏཱཾ་གསུམ་འདུག་པ་གནང་ནས། རྒྱལ་པོའི་འཁོར་དང་ལོངས་སྤྱོད་ལས་འདི་དགའ་བ་ཡིན་གསུང་། དེ་ནས་རྒྱལ་པོ་ལ་སྦྲན་ནས་ཡུལ་གཞན་དུ་འབྱོན་པར་བརྩམས་
པའི་ཚེ། སྲོད་ཀྱི་དུས་སུ་སྒྲོལ་མས་ཁྱོད་ཤར་ཕྱོགས་སུ་སོང་ཞིག་གསུང་མ་ཐག་མི་རྣམས་ལ་མྱུར་དུ་འདེང་ཞེས་གསུངས་ནས་སྐྱེས་བུ་དཀར་པོ་ཞིག་གི་འོད་ཀྱིས་ལམ་སྣ་དྲངས། མཧཱ་ཀཱ་ལས་མར་མེ་བཏེགས་
པ་བ་བསངས་ཀྱིས་ལམ་མཚོན་པ་བྱས་ཏེ་ཚེགས་མེད་པར་ཛ་གདྡ་ལར་ཕེབས། དེའི་ཐོ་རངས་ཏུ་རུཥྐའི་དམག་གིས་མ་ག་དྷར་སླེབ་ཏེ་བཅོམ། གནས་དེར་རིག་པ་འཛིན་པའི་ལྷ་མོ་ཏོག་ཅན། ཉེ་བའི་ཏོག་
ཅན། གསེར་ཕྲེང་ཅན། ཤིང་ལོའི་གོས་ཅན་བཞིས་ལྷུང་བཟེད་དུ་བསོད་སྙོམས་ཕུལ། ཡང་ཐོ་རངས་ཞིག་ལྷའི་རྔ་བོ་ཆེའི་སྒྲ་གསན་པའི་རྐྱེན་གྱིས་དགའ་ལྡན་གྱི་གནས་གཟིགས། བྱམས་པ་ལ་ཆོས་
བཞི་གསན། དེ་མ་ཐག་བདེ་དགྱེས་དང་དུས་འཁོར་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐའ་དག་གཟིགས་ཏེ་འོད་དུ་ཕེབས་སོ༎ ༎ གྲུབ་ཐོབ་ནིཥྐ་ལངྐ། གྲུབ་ཐོབ་ནིཥྐ་ལངྐ་ནི། བསོད་སྙོམས་གྱི་ན་ལ་བརྟེན་ནས་