[A:49b]སའི་སྟན་ལ་གསུང་བཅད་མཛད་དེ་ལོ་དུ་མར་རྩེ་གཅིག་ཏུ་བསྒྲུབས་པས་གྲུབ་པ་བརྙེས། ནམ་མཁའ་ལ་བཞུགས་པ་སོགས་རྫུ་འཕྲུལ་མང་དུ་སྟོན། རྡོ་རྗེ་གདན་གྱི་མཁན་པོ་མཛད། དགུང་ལོ་བརྒྱ་དང་སུམ་
ཅུའི་བར་དུ་འགྲོ་བའི་དོན་མཛད་དོ༎ དེས་པཎྜི་ཏ་རེ་ཝེནྡྲ་དེ་བ་ཉི་མའི་དབང་པོའི་ལྷ་ལ་གནང་སྟེ། དེ་ནི་བལ་པོར་སྐུ་འཁྲུངས། མ་ག་དྷར་སློབ་སྦྱང་མཛད། རྡོ་རྗེ་གདན་དུ་ཆོས་དཔོན་གྲུབ་ཐོབ་བཞི་བསྟུད་མར་བྱུང་
བའི་ཕྱི་མ་ཡིན། ལོ་བཅུ་གཅིག་ཏུ་དེའི་ཆོས་དཔོན་མཛད། ཏུ་རུཥྐའི་དམག་གི་རྐྱེན་གྱིས་བལ་ཡུལ་དུ་བྱོན། དྷརྨ་དྷ་ཏུ་བི་ཧ་རར་བཞུགས། ཡཾ་བུར་རིམས་ནད་ཞི་བ་སོགས་ལས་ཆེན་ཐམས་ཅད་ཚེགས་
མེད་པར་གྲུབ། མངོན་པར་མཁྱེན་པ་ཐོགས་པ་མེད་པས་ལུང་བསྟན་མང་དུ་མཛད། དགུང་ལོ་གྱ་བདུན་པ་ལ་གཤེགས་སོ༎ ༎ བུདྡྷ་ཤྲཱི་ཛྙཱ་ན། བི་ཁྱཱ་ཏ་དེ་བ་དང་། ཝཱ་གཱི་ཤྭ་ར་གུཔྟའི་སློབ་མ་བུདྡྷ་ཤྲཱི་ཛྙཱ་ན་ནི་ཡབ་
ཁ་ཆེ། ཡུམ་བལ་མོ། ལྕགས་ཕོ་སྤྲེའུ་ལ་འཁྲུངས། སྐུ་ཤིན་ཏུ་མཛེས་ཤིང་ཕལ་ཆེར་སྡེ་པ་མཁས་གྲུབ་ཟླ་བ་ལྟར་གྲགས་པའོ༎ ༎ ཙ་མི་ལོ་ཙཱ་བ། ཙ་མི་ནི་མི་ཉག་འགའི་ཡུལ་དུ་འཁྲུངས། གཞོན་ནུ་ནས་རྒྱ་གར་
དུ་ཐེགས་ཏེ་དུས་ཞབས་པ་དང་། ཨ་བྷ་ཡ་སོགས་པཎ་གྲུབ་མང་པོ་བསྟེན་ནས་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས་རྒྱ་གར་ཤར་ནུབ་ཐམས་ཅད་དུ་མཁས་པར་གྲགས་