R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 101
[A:101] ལམ་འབྲས་པ་ཡེ་ཤེས་དཔལ་བ། རྗེ་བསོད་ནམས་ལྷུན་གྲུབ། ཆོས་རྗེ་དོན་གྲུབ་རིན་ཆེན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཞྭ་ལུ་པ་ལེགས་པ་རྒྱལ་མཚན། གཉིས་ཀས་རྗེ་ཤེས་རབ་སེང་གེ་འདུལ་འཛིན་དཔལ་ལྡན་བཟང་པོ། འཇམ་དབྱངས་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། པཎ་ཆེན་བསམ་འགྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། སངས་རྒྱས་བཀྲ་ཤིས། ངག་དབང་བློ་བཟང་། ཁྲི་ཆེན་བློ་གྲོས་རྒྱ་མཚོ། འཇམ་བཞད་ངག་དབང་བརྩོན་འགྲུས། མཁན་ཆེན་སངས་རྒྱས་རྡོ་རྗེ། དཀོན་མཆོག་འཇིགས་མེད་དབང་པོ། སྐལ་བཟང་དངོས་གྲུབ། རྩེ་ཐང་མཁན་ཟུར་ཐུ་མེད་ངག་དབང་ཤེས་རབ། ལྷ་བཙུན་ཡེ་ཤེས་དོན་གྲུབ་རྒྱལ་མཚན། རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ། །ཉེ་བརྒྱུད་ནི། དཔལ་རྡོ་རྗེ་འཇིགས་བྱེད། འཇམ་དབྱངས་བརྟན་པའི་འཁོར་ལོ། རྒྱལ་བ་འཇམ་དཔལ་སྙིང་པོའམ། ཡང་ན། རྗེ་བཙུན་འཇམ་དཔལ་དབྱངས་དང་། རྡོ་རྗེ་འཇིགས་བྱེད་སོ་སོ་ནས། དབུ་མ་པ་དཔའ་བོ་རྡོ་རྗེ། གསུམ་གས་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པ། དེ་ནས་བ་སོ་ཆོས་ཀྱི་རྒྱལ་མཚན། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ། རྒྱལ་བ་བློ་བཟང་དོན་གྲུབ། མཁས་གྲུབ་སངས་རྒྱས་ཡེ་ཤེས། པཎ་ཆེན་བློ་བཟང་ཆོས་རྒྱན་མན་འདྲའོ༎ ་༎གསུམ་པ་གདུལ་བྱ་གཏི་མུག་ཅན་གཙོ་བོར་རྗེས་སུ་གཟུང་བའི་དོན་དུ་གསུངས་པ་དཔལ་རྣམ་སྣང་སྒྱུ་འཕྲུལ་དྲྭ་བའི་སྐོར་ལ། སློབ་དཔོན་སྒེག་པའི་རྡོ་རྗེས་འཇམ་དཔལ་མཚན་