R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 102
[A:102] བརྗོད་བླ་མེད་ལྟར་བཀྲལ་བའི་འཇམ་དཔལ་གསང་ལྡན་རིགས་བསྡུས་པ་ལྷ་ལྔ་བཅུ་རྩ་གསུམ་གྱི་དཀྱིལ་འཁོར་དུ་རྗེ་ངག་དབང་ཡོན་ཏན་རྒྱ་མཚོའི་སྒྲུབ་དཀྱིལ་དང་། མཚམས་སྦྱོར་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ། འཇམ་དཔལ་བཤེས་གཉེན། སྒེག་པའི་རྡོ་རྗེ། ཉི་མ་སེང་གེ་ལས་ཀྱི་རྡོ་རྗེ། མུ་དྲར་ཤཱཀྱ་སིདྡྷི། ལྷའི་དབང་ཕྱུག་གམ་ལྷའི་དངོས་གྲུབ། ཤཱནྟིཾ་གརྦྷ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། དེ་གཉིས་ཀས་ཉི་མའི་དངོས་གྲུབ། ལོ་ཙཱ་བ་ཡེ་ཤེས་བླ་མ། ངག་གི་དབང་ཕྱུག་།པུ་ཧྲང་པ་ཤེས་རབ་རྡོ་རྗེ། གཉིས་ཀས་རྔོག་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། དེས་དར་མ་རྒྱལ་པོ། དུམ་བུ་ཁ་པ། བཟང་པོ་པ་གསུམ། གསུམ་གས་རྔོག་རིན་ཆེན་བཟང་པོ། དེ་ནས་རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ་བཟང་། རྔོག་བྱང་ཆུབ་བཟང་པོ། ཁྲུས་ཁང་ལོ་ཙཱ་བ་བསོད་ནམས་རྒྱ་མཚོ། ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པ། མཁན་ཆེན་ཤེས་རབ་དཔལ། འབྲི་གུང་རིན་ཆེན་ཕུན་ཚོགས། དྲུང་རིན་ཆེན་དཔལ། ཆོས་རྒྱལ་ཕུན་ཚོགས། བཀྲ་ཤིས་ཕུན་ཚོགས། ཆོས་ཀྱི་གྲགས་པ། དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་རྒྱལ། སི་ཏུ་ཆོས་འབྱུང་། ཚེ་དབང་ཀུན་ཁྱབ། དབོན་སྤྲུལ་ཀརྨ་རིན་ཆེན། འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའམ། ཡང་ན། ཐུབ་དབང་། འཇམ་དབྱངས། ཤ་བ་རི་པ། མཻ་ཏྲི་པ། མར་པ་ལོ་ཙཱ་བ། རྔོག་ཆོས་སྐུ་རྡོ་རྗེ་མན་གོང་ལྟར་རོ། །གནས་མདོའི་