R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 9
[A:9] པའི་ཉེས་པས་མི་གོས་ཤིང་། དབང་པོའི་སྤྱོད་ཡུལ་ལ་མི་ལྟོས་པར་ལམ་ལ་ཚུལ་བཞིན་དུ་བསླབ་པ་ཞེས་བྱ་བ་དེའང་འགྱུར་བའི་ཕྱིར་ཅིས་ཀྱང་འོས་ལ། རྒྱུད་སྡེ་རྣམས་ལས་ཀྱང་དེ་ལྟར་བསྟན་པ་དང་། རྒྱུད་སྡོམ་པ་གསུམ་དང་ལྡན་པའི་ཐ་སྙད་ཀྱང་འདིས་ཐོབ་པར་འགྱུར་བས། རྡོ་རྗེ་འཛིན་པ་རབ་འགྲིང་ཐ་མར་གསུངས་པའི་མཆོག་རབ་ཏུའང་ཆུད་པའི་ཕྱིར་དབང་བསྐུར་བའི་སྔོན་དུ་སོ་བྱང་གི་སྡོམ་པ་འགྲོ་དགོས་པ་རྒྱུ་མཚན་དེ་དག་གི་ཕྱིར་དོན་དང་འབྲས་བུ་ཁྱད་པར་དུ་འདོགས་མོད། གལ་ཏེ་ཡུལ་དུས་གནས་སྐབས་ཀྱིས་སྡོམ་པ་རིམ་བཞིན་ནོད་པ་མ་བྱུང་ཡང་། གསང་སྔགས་དད་པའི་ལམ་གྱི་ཕྱིར་ན་རྡོ་རྗེ་ཐེག་པ་ནས་བཤད་པའི་སྡོམ་པ་དང་དམ་ཚིག་ལ་གཅེས་སྦྲས་སུ་ཆེར་བྱེད་པ་རྣམས་ཀྱང་གཅིག་ཏུ་རུང་ཞིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་འབོགས་པའི་སྐབས་དེ་དང་དེར་ལྡན་པའི་གང་ཟག་ཏུ་འགྱུར་ལ། དེས་སོ་བྱང་གི་སྡོམ་པ་དམིགས་བསལ་བའི་དོད་ཀྱང་ཆོ་གའི་སྒོ་ནས་ངེས་པར་འཐུས་མོད། བསྲུང་སྡོམ་ནི་གང་གི་སྐབས་སུའང་རང་ཉིད་ཁོ་ན་ལ་རག་ལས་པའི་ཕྱིར་འཕགས་བོད་ཀྱི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱིས་དོན་དེ་ལ་དགོངས་ཏེ་མཐའ་གཅིག་ཏུ་དོགས་པ་མ་མཛད་པ་དེ་ལྟ་ནའང་། དེང་གི་དུས་སུ་ནི་གོང་དུ་བཤད་པ་ལྟར་བསྟན་པ་རིན་པོ་ཆེའི་འཇུག་སྒོ་དང་མཐུན་པའི་སོ་སོའི་ཆོ་ག་ལས་ཐོབ་པའི་ངེས་འབྱུང་གིས་སྡོམ་པར་གནས་པ་གཞིར་བཞག་ནས། བཀའ་སྲོལ་གཉིས་ལས་བྱུང་བའི་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ལ། ཐོག་མར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ཞི་བ་ལྷ་སོགས་ཀྱིས་བཀྲལ་ཞིང་། དཔལ་ལྡན་ས་སྐྱ་པས་དར་རྒྱས་སུ་མཛད་པའི་དབུ་མ་ལུགས་ཀྱི་སེམས་བསྐྱེད་