[A:111]
ལུགས་དང་འདྲ། ཡང་ན། ཁ་ཆེ་པཎ་ཆེན་ནས། སྤྱི་བོ་ལྷས་པ་སེང་གེ་དཔལ། ཞང་ཕྱ་རུ་པ། འབྲོ་ལུང་པ། ཁྲོ་ཕུ་ལོ་ཙཱ་བ། ཡང་རྩེ་བ་རིན་ཆེན་སེང་གེ་བུ་སྟོན་མན་འདྲ། ཡང་ན། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། དྲིལ་བུ་པ། དཱ་རི་ཀ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷཱ་ཡ་དེ་ཝ་པཱུརྞ། ཁ་ཆེ་པཎ་ཆེན་མན་འདྲ། ཡང་ན་ཉེ་བརྒྱུད་ནི། འཁོར་ལོ་སྡོམ་པ་ནས། པཎ་ཆེན་ཤཱཀྱ་ཤྲཱི་མན་འདྲའོ། །
་
ལྔ་པ་པུ་རོང་ལོ་ཆུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ལཱུ་ཧི་པ། ཌྷེཾ་གི་པ། དཱ་རི་ཀ་པ། རྡོ་རྗེ་དྲིལ་བུ་པ། ཛཱ་ལནྡྷ་རི་པ། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། རུས་སྦལ་ཞབས། གུ་ཧྱ་པ། ་་་་བྷུ་བ་རི་པའང་སྣང་། རྣམ་རྒྱལ་ཞབས། ཏིལླི་པའང་འདུག་་་་་ཏཻ་ལོ་པ། ནཱ་རོ་པ། མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏ། ཕམ་མཐིང་བ་གསུམ། བྷ་དནྟ། པུ་རོང་ལོ་ཆུང་གྲགས་འབྱོར་ཤེས་རབ། དམར་ཆོས་ཀྱི་རྒྱལ་མཚན། མངའ་རིས་སྟོད་པ་དཀོན་མཆོག་འབར། ཐུར་ལ་བ་ཚུལ་ཁྲིམས་སྐྱབས། ཐང་སྤེ་བ་འཕགས་པ་སྐྱབས། གསེར་ལྡིང་པ་གཞོན་ནུ་འོད། བླ་མ་ཆོས་སྐུ་འོད་ཟེར། འཕགས་འོད་ཡོན་ཏན་རྒྱ་མཚོ། བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ་མན་མར་དོ་ལུགས་བཞིན་ནོ། །ཡང་ན། དམར་ཆོས་ཀྱི་རྒྱལ་མཚན་ནས། མི་ཉག་ཆོས་རྒྱལ། མི་ཉག་རྡོར་གྲགས། ལྕེ་མདོ་སེང་། བླ་མ་སྟོན་ཤཱཀ་བློ་ལྡན་སེང་གེ་འཕགས་འོད་མན་འདྲ། ཡང་ན། མ་ན་ཀ་ཤྲཱི་དང་པྲཛྙཱ་རཀྵི་ཏ་གཉིས་ལས་ཀ་ན་ཀ་ཤྲཱི། དེ་དང་ཕམ་མཐིང་པ་གཉིས་ཀས་བྷ་དནྟ། དེ་ནས་པུ་རོང་ལོ་ཆུང་མན་འདྲའོ། །དྲུག་པ་དམར་ལུགས་ཀྱི་བརྒྱུད་པ་ནི། ཕམ་