[A:112]
མཐིང་པ་ཡན་གོང་ས་ལུགས་ལྟར་ལ། དེ་ནས་བལ་པོ་བྷ་དནྟ། ལོ་ཆུང་གྲགས་འབྱོར་ཤེས་རབ། དམར་ཆེན་པོ་ཆོས་ཀྱི་རྒྱལ་མཚན། དབོན་པོ་ཤེས་རབ་རྡོ་རྗེ། དམར་ཐུབ་པ་ཤེས་རབ། དམར་བརྩོན་འགྲུས་རྡོ་རྗེ། དམར་ཆོས་ཀྱི་རྒྱལ་མཚན། བླ་མ་ཤཱཀྱ་གཞོན་ནུ། ལྕེ་བློ་ལྡན་སེང་གེ་ཀུན་མཁྱེན་འཕགས་འོད། བུ་སྟོན་མན་པུ་རོང་ལུགས་དང་འདྲའོ། །བདུན་པ་དཔྱལ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ལཱུ་ཧི་པ། རྒྱལ་པོ་དཱ་རི་ཀ་པ། མངའ་བདག་མཻ་ཏྲི་པ། ནྱ་ཀ་པ། ཀརྞ་པ། གྷནྡྷ་པ། བི་ཁྱཱ་ཏ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། རྡོ་རྗེ་གདན་པ། པཎྜི་ཏ་ཀྵི་ཏི་གརྦྷ། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་རོང་པ་ཤེས་རབ་སེང་གེ་གྲུམ་ཆོས་སྐྱོང་དཔལ། ཁྱུང་པོ་ལྷས་པ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ་མན་པུ་རོང་ལུགས་དང་འདྲའོ། །བརྒྱད་པ་སྦ་སྤང་སྣ་བའི་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། སློབ་དཔོན་ཆེན་པོ་ཙནྡྲི་ཀ་པ། བྲམ་ཟེ་ཆེན་པོ་མེ་ཀོ་པ། ལཱུ་ཧི་པ། དཱ་རི་ཀ་པ། བྲམ་ཟེ་སྡོམ་པ་བཟང་པོ། ཇོ་བོ་རྗེ་ཨ་ཏི་ཤ་དེས་ལོ་ཆེན་རིན་ཆེན་བཟང་པོ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས། གཉིས་ཀས་འཕན་ཡུལ་འམ་པ་སྟོན་མགོན་དང་། འམ་པ་ཇོ་བཙུན་གཉིས། དེ་གཉིས་ཀས་སྒོམ་པ་མང་སྒོམ་དང་། སྦ་སྤང་སྣ་པ་སྐུ་མཆེད་གཉིས། དེ་ནས་མེ་རག་པ་དར་མ་བྱང་ཆུབ། དེའི་དབོན་རིན་ཆེན་རྒྱལ་པོ། བླ་མ་དོན་རི་པ་གྲགས་པ་དཔལ། བླ་མ་འཕགས་འོད་མན་གོང་ལོ་ཆུང་ལུགས་ལྟར་རོ། །དགུ་པ་གཉོས་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། ཀཧྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏཻ་ལོ་པ། ནཱ་རོ་པ། དེ་ཝ་རཀྵི་ཏ། ནག་པོ་ལྷ་ལ་དད་པ། ཕམ་མཐིང་པ་