R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 113
[A:113] སྐུ་མཆེད། དེ་གསུམ་གས་བལ་པོ་བྷ་དནྟ། སུ་མ་ཏི་ཀཱིརྟི། དེ་གཉིས་ཀས་གཉོས་ལོ་ཙཱ་བ། དེ་ནས་གཉོས་བླ་མ། གཉོས་དཔལ་ལེ། ཕུག་ཀ་བ་ཇོ་བོ་འབུམ། གཙང་པ་ལྷ་སྟེང་པ། ལྕེ་མདོ་སྡེ་སེང་གེ་བླ་མ་སྟོན་པ་ཤཱཀྱ། བླ་མ་བློ་ལྡན། བླ་མ་འཕགས་འོད་མན་གོང་ལོ་ཆུང་ལུགས་ལྟར་རོ། །ཡང་བདེ་མཆོག་རབ་འབྱམས་ལྟར་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ཀུན་དགའ་བཟང་པོ་ཡན་གོང་ས་ལུགས་བརྒྱུད་པ་ལྟར་ལ། དེ་ནས་རིན་ཆེན་བཀྲ་ཤིས། ཤཱཀྱ་མཆོག་ལྡན། བྲག་དཀར་སེམས་དཔའ། བཀྲ་ཤིས་རྣམ་རྒྱལ། ཀུན་དགའ་གྲོལ་མཆོག་རྡོ་རིང་པ་ཀུན་དགའ་རྒྱལ་མཚན། རྗེ་བཙུན་ཏཱ་ར་ནཱ་ཐས། རིན་ཆེན་རྡོ་རྗེ་མ། རིན་ཆེན་རྒྱ་མཚོ་གཉིས། གཉིས་ཀས་ཡེ་ཤེས་རྒྱ་མཚོ། སྙིང་པོ་མཐའ་ཡས། དེ་ནས་ཀུན་བཟང་དབང་པོ། དགེ་ལེགས་བཀྲ་ཤིས། དཔའ་བོ་གཙུག་ལག་དགའ་བའི་དབང་པོ། ལོ་ཆེན་ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། འོད་གསལ་འགྱུར་མེད། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎གྲུབ་ཆེན་ནག་པོ་སྤྱོད་པས་རྩ་རྒྱུད་ཀྱི་ཟབ་དོན་སྦྱང་གཞི་མངལ་སྐྱེས་སྦྱོང་བྱེད་དུ་བཀྲལ་བའི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་ངག་དབང་ལེགས་གྲུབ་ཀྱི་སྒྲུབ་དཀྱིལ་དང་། སངས་ཕུན་གྱི་མཚམས་སྦྱོར་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། མུས་ཆེན་སངས་རྒྱས་རིན་ཆེན་ཡན་གོང་ལཱུ་ཧི་པའི་ས་ལུགས་བརྒྱུད་པ་ལྟར་ལ། དེ་ནས་རྒྱལ་བ་ལྷ་མཆོག་སེང་གེ་རྗེ་སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའ་དཔལ་བཟང་། དེའི་དབོན་ནམ་མཁའ་སངས་རྒྱས། མཚུངས་མེད་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། སྔགས་འཆང་ཀུན་དགའ་