R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 135
[A:135] ཁམས་སྟོན་ཀུན་དགའ་ཆོས་འཕེལ། བླ་མ་བཀྲ་ཤིས་བཟང་པོ། འཇམ་མགོན་སངས་རྒྱས་ཡེ་ཤེས། མུས་ཆེན་བསོད་ནམས་དཔལ་བཟང་། མུས་ཆེན་ཆོས་ཉིད་ཡེ་ཤེས། བྱམས་པ་བསོད་ནམས་དབང་ཕྱུག་འཇམ་མགོན་ཀུན་དགའ་རྒྱལ་མཚན། ངག་དབང་རྡོ་རྗེ་རིན་ཆེན། དེ་གཉིས་ཀས་འདྲེན་མཆོག་ངག་དབང་བཟང་པོ། ཁྱབ་བདག་ངག་དབང་ལེགས་གྲུབ། དེས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་དང་། འཇམ་དབྱངས་རིན་ཆེན་རྡོ་རྗེ་གཉིས། གཉིས་ཀས་བདག་བློ་གཏེར་ལའོ། །ཡང་ན། འཁོར་ལོ་སྡོམ་པ། རྡོ་རྗེ་རྣལ་འབྱོར་མ། བལ་པོ་ཡེ་རོང་པ་སྐལ་ལྡན་བཟང་པོ་མན་འདྲའོ། །ཡང་བདེ་རམས་ལྟར་ཇོ་ནང་སྒྲུབ་དཀྱིལ་གྱི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སྐལ་ལྡན་བཟང་པོ། སྐྱེ་རྒུའི་འཚོ་བ་བཟང་པོ། མ་ཧཱ་བོ་དྷི། བསམ་གཏན་འོད་ཟེར། གུ་གེ་པཎྜི་ཏ། བསོད་ནམས་ལྷུན་གྲུབ། ཀུན་དགའ་གྲོལ་མཆོག་ལྷ་དབང་གྲགས་པ། ཏཱ་ར་ནཱ་ཐ་མན་བདེ་རམས་སྤྱི་ལྟར་ལ། འཇམ་མགོན་ཡོན་ཏན་རྒྱ་མཚོ། དེས་སོ། །ཡང་ན། མཁྱེན་རབ་བསྟན་བཟང་ནས། བླ་མ་རྟ་མགྲིན། ཀུན་དགའ་ཆོས་འཕེལ། བཀྲ་ཤིས་བཟང་པོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ཚེ་དབང་ཀུན་ཁྱབ་མན་འདྲའོ༎ ་༎བཤད་རྒྱུད་མངོན་བརྗོད་བླ་མ་ལས་བསྟན་པའི་བདེ་མཆོག་དྲག་པོ་ཆེན་པོ་ཕྱག་འབུམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་ཇོ་ནང་བདེ་རམས་ཀྱི་སྒྲུབ་དཀྱིལ་ཀྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཧེ་རུ་ཀ་དཔལ། རྡོ་རྗེ་རྣལ་འབྱོར་མ། ཀཧྞ་པ། ཏཻ་ལོ་པ། ནཱ་རོ་པ། ཙ་ཊ་པ། བསོད་ནམས་འབྱུང་གནས། རིན་ཆེན་འབྱུང་གནས། འཇིགས་མེད་འབྱུང་