[A:146]
རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་ཐོགས་མེད་གྲགས་པ། རྔོག་རྒྱ་ཚ་རྭ་ལོ། རྔོག་ཀུན་དགའ་རྡོ་རྗེ། རྔོག་གཟི་བརྗིད་གྲགས་པ། རྔོག་སེང་གེ་སྒྲ། རྔོག་ཚ་ཀུན་མཁྱེན། འཇམ་གླིང་སངས་རྒྱས་རྡོ་རྗེ། ཨ་མོ་གྷ་པ། གྲགས་པ་རིན་ཆེན། ནམ་མཁའ་ཚུལ་ཁྲིམས། མཁྱེན་རབ་ཆོས་རྗེ། ཆོས་ལྡན་བློ་གྲོས། ཡེ་ཤེས་རྡོ་རྗེ། བྱམས་པ་ལྷུན་གྲུབ། ཏཱ་ར་ནཱ་ཐ་མན་གོང་མ་ཧཱ་མཱ་ཡཱའི་ཇོ་ལུགས་ལྟར་རོ༎ ་
༎གསུམ་པ་རྡོ་རྗེ་ཉི་མའི་རིགས་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་དབང་ཟུར་བཀའ་མི་བཞུགས་སོ༎ ་༎བཞི་པ་མ་རྒྱུད་པདྨ་གར་དབང་གི་རིགས་ལ། སློབ་དཔོན་པདྨ་བཛྲས་པདྨ་ཟབ་པའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་དུ་མཐོང་བ་དོན་ལྡན་གྱི་སྒྲུབ་དཀྱིལ་དང་། སི་ཏུའི་དབང་ཆོག་གི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་།གྲུབ་ཆེན་པདྨ་བཛྲ་ཆུང་བ། སློབ་དཔོན་ཛཱ་ལནྡྷ་ར། བྲམ་ཟེ་མཻ་ཏྲི་པ། རྒྱལ་རིགས་ཕྱག་ན་རྡོ་རྗེ། བལ་པོ་བྷ་དནྟ་སུ་མ་ཏི་ཀཱིརྟི། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། ཀརྨ་པ་དང་པོ་ཆོས་ཀྱི་གྲགས་པ། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། ཀརྨ་པ་གཉིས་པ་པཀྴི་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ། ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ། མཁས་བཙུན་རིན་ཆེན་རྒྱལ་མཚན། རྗེ་བཀྲ་ཤིས་རྒྱལ་མཚན། སོག་དབོན་རིག་པའི་རལ་གྲི། བླ་མ་ཆོས་ཀྱི་དབང་པོ། དེ་གཉིས་ཀས་ཀརྨ་པ་དྲུག་པ་ཀུན་མཁྱེན་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ་དང་། ཀུ་ཤྲཱི་དཔལ་འབྱོར་དོན་གྲུབ་གཉིས། གཉིས་ཀས་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ། སངས་རྒྱན་གཉན་པ་བཀྲ་ཤིས་དཔལ་འབྱོར། ཀརྨ་པ་བརྒྱད་