R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 147
[A:147] པ་འཇིགས་བྲལ་མི་བསྐྱོད་རྡོ་རྗེ། ཞྭ་དམར་དཀོན་མཆོག་ཡན་ལག་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ། གང་དབང་ཆོས་ཀྱི་དབང་ཕྱུག་ཆོས་སྒོ་བ་ལུང་རིག་ཉི་མ། གྲུབ་ཐོབ་ཀརྨ་ཆགས་མེད། དུལ་མོ་ཆོས་རྗེ་ཀརྨ་དར་རྒྱས། དཔལ་ཆེན་ཆོས་ཀྱི་དོན་གྲུབ། འཇམ་མགོན་ཆོས་ཀྱི་འབྱུང་གནས། ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། སི་ཏུ་པདྨ་ཉིན་བྱེད་དབང་པོ། དེས་དབོན་སྤྲུལ་ཐེག་མཆོག་བསྟན་འཕེལ་དང་། ཟླ་སྤྲུལ་ངེས་དོན་བསྟན་པ་རབ་རྒྱས་གཉིས། གསུམ་གས་པཎྜི་ཏ་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏོར་ལའོ༎ ་༎གྲུབ་ཆེན་མི་ཏྲ་ཛོ་ཀིའི་བཀའ་སྲོལ་ལས་བྱོན་པའི་མ་རྒྱུད་པདྨའི་རིགས་ཀྱི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དཀར་པོ་ཕྱག་བཞི་པ་ལྷ་ལྔའི་དཀྱིལ་འཁོར་དུ་ཆབ་མདོའི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་སྣང་བ་མཐའ་ཡས། སྤྱན་རས་གཟིགས། མི་ཏྲ་ཛོ་ཀི་པཎ་ཆེན་ཤྲཱི་པུ་ཏྲ། མི་ཉག་གྲགས་པ་རིན་ཆེན། ཀུ་ཅོར་གྲུབ་དབང་འོད་དཔག་རྡོ་རྗེ། འཁྲུལ་ཞིག་བུདྡྷ་ཤྲཱི། མཁས་གྲུབ་བུདྡྷ་མངྒ། རྗེ་འཕགས་པ་སངས་རྒྱས། དབོན་དྲུང་སངས་རྒྱས་འབྱུང་གནས། འཕགས་པ་ཆོས་ཀྱི་རྒྱལ་པོ། ལྕགས་ར་ངག་དབང་ཕྲིན་ལས་དཔལ་བཟང་། འཕགས་པ་རྒྱལ་བ་རྒྱ་མཚོ། སྐྱོ་མདའ་བ་འཕགས་པ་ཆོས་ཀྱི་རྒྱལ་མཚན། རྒྱ་རབ་བློ་བཟང་བསྟན་འཛིན་ཕྲིན་ལས། གྲུབ་དབང་བློ་བཟང་དབང་ཕྱུག་ཞི་བཟང་དགེ་ལེགས་རྒྱལ་མཚན། འཕགས་པ་འཇིགས་མེད་བསྟན་པའི་མགོན་པོ། གླིང་སྨད་འཕགས་པ་མཆོག་དགའ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ངག་དབང་ཡོན་ཏན་རྒྱ་མཚོ། ཐུབ་བསྟན་ལེགས་བཤད་བཟང་པོ། དེ་གསུམ་གས་བདག་བློ་གཏེར་ལའོ༎ ་༎མ་གཅིག་གྲུབ་