R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 148
[A:148] པའི་རྒྱལ་མོའི་བཀའ་སྲོལ་མ་རྒྱུད་པདྨའི་རིགས་སུ་གཏོགས་པ་ཚེ་དཔག་མེད་ཞི་བ་ལྷ་མང་ཞེས་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་དུ་འབྲུག་པ་པདྨ་དཀར་པོའི་ཡིག་སྟེང་ནས་དབང་བསྐུར་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། མི་ལ་བཞད་པའི་རྡོ་རྗེ། འགྲོ་མགོན་དྭགས་པོ་ལྷ་རྗེ། ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་པ་རིན་ཆེན་དཔལ། སྤྱན་སྔ་ཆོས་གྲགས་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། སྤྱན་སྔ་རིན་ཆེན་ཆོས་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང་། འབའ་ར་བ་རྒྱལ་མཚན་དཔལ་བཟང་། རྗེ་བདེ་ལེགས་རིན་ཆེན། གངས་ཅན་ཀུན་དགའ་དཔལ། རྒྱལ་བ་ཀུན་དགའ་དཔལ་འབྱོར། ངག་དབང་ཆོས་ཀྱི་རྒྱལ་པོ། འབྲུག་སྤྲུལ་གསུམ་པ་འཇམ་དབྱངས་ཆོས་ཀྱི་གྲགས་པ། ཀུན་སྤངས་པ་ཤེས་རབ་རྒྱ་མཚོ། འབྲུག་སྤྲུལ་བཞི་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ། ལྷ་རྩེ་བ་ངག་དབང་བཟང་པོ། འབྲུག་སྤྲུལ་ལྔ་པ་དཔག་བསམ་དབང་པོ། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ། རྗེ་ཆོས་ཀྱི་དབང་ཕྱུག་ཡོངས་འཛིན་དགེ་ལེགས་བཞད་པ། བླ་མ་འཇམ་མགོན་དགྱེས་པ། འབྲུག་སྤྲུལ་དྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། ཡོངས་འཛིན་འཇམ་དཔལ་དཔའ་བོ། འབྲུག་སྤྲུལ་བདུན་པ་ཀུན་གཟིགས་ཆོས་ཀྱི་སྣང་བ། རྒྱལ་དབང་ཀརྨ་ཀ་བཅུ་བཞི་པ་ཁྱབ་བདག་ཐེག་མཆོག་རྡོ་རྗེ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎ཡང་ན། འབྲུག་སྤྲུལ་བདུན་པ་ནས། འཇམ་དཔལ་ཡེ་ཤེས་གྲུབ་པ། འབྲུག་སྤྲུལ་བརྒྱད་པ་མི་འགྱུར་འཇིགས་མེད་དབང་རྒྱལ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། རྗོ་བློ་བཟང་རབ་བརྟན། རྗེ་འཇམ་དབྱངས་ཕྲིན་ལས། རྗེ་བྱམས་པ་ཐོགས་མེད་སྦྱིན་པ། རྗེ་ཐུབ་བསྟན་ལེགས་