R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 154
[A:154] བརྟེན་ནས་ཆོས་རྒྱལ་ཟླ་བ་བཟང་པོ་དང་། རིགས་ལྡན་འཇམ་དཔལ་གྲགས་པ། དེའི་སྲས་པདྨ་དཀར་པོ་སོགས་ཀྱིས་བཀྲལ་ཞིང་། དུས་ཞབས་པ་ཆེ་ཆུང་གིས་དར་རྒྱས་སུ་མཛད་པའི་མཆོག་གི་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ལྷ་དྲུག་བརྒྱ་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ཆེན་པོར་བོད་གངས་ཅན་གྱི་དུས་འཁོར་བའི་ཤིང་རྟ་ཆེན་པོ་རྣམས་ཀྱི་ཡིག་སྟེང་ནས་རྗེས་གཟུང་། སྟ་གོན། འཇུག་པ་སྔོན་དུ་འགྲོ་བའི་བྱིས་པ་འཇུག་པའི་དབང་བདུན། དབང་གོང་མ་ཆེ་ཆུང་། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་སྨིན་རྒྱས་སུ་ཐོབ་པའི་བརྒྱུད་པ་ལ་རྭ་འབྲོ་གཉིས་དང་ཤོང་འགྱུར་ལུགས་ཏེ་ཀུན་མཁྱེན་བུ་སྟོན་ཡན་ལ་བཀའ་བབས་ཀྱི་བརྒྱུད་ཚུལ་གསུམ་དང་། དེ་རྗེས་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེས་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་གསན་པའི་ཉེ་བརྒྱུད་དང་། པཎ་ཆེན་ནགས་རིན་ལུགས་ཀྱི་ཕྱི་འགྱུར་སོགས་བརྒྱུད་པའི་བཀའ་བབས་དུ་མ་གཅིག་ཏུ་འདྲེས་པ་དང་། གངས་ཅན་འདིར་ཡང་ཇོ་ཞལ་གཉིས་ཀྱི་ལམ་སྲོལ་ཇི་སྙེད་པ་བདག་ཅག་གི་དུས་ཞབས་པ་ཆེན་པོ་འདིར་བཀའ་བབས་པ་ལས། དང་པོ་རྭ་ལུགས་ཀྱི་བརྒྱུད་པ་ནི། དམ་པ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ། རྒྱལ་པོ་ཟླ་བ་བཟང་པོ། ལྷ་དབང་། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག་།སྣ་ཚོགས་གཟུགས། ལྷའི་དབང་ལྡན། རིགས་ལྡན་འཇམ་དབྱངས་གྲགས། རིགས་ལྡན་པདྨ་དཀར་པོ། འཇམ་དབྱངས་སྤྲུལ་པ། ཙི་ལུ་པཎྜི་ཏ། པི་ཊོ་ཨཱ་ཙཱཪྻ། དུས་ཞབས་པ་ཆུང་བ། མཉྫུ་ཀཱིརྟི། ས་མནྟ་ཤྲཱིཿ་རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ་རྭ་འབུམ་སེང་། རྗེ་བཙུན་རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། དེ་སྲས་རོང་པ་ཤེས་རབ་སེང་གེ་དེས་གུ་རུ་དཔལ་ལྡན་སེང་གེ་འཕགས་