R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 155
[A:155] འོད་ཡོན་ཏན་རྒྱ་མཚོ། རོང་པ་རྡོ་རྗེ་རྒྱལ་མཚན་གསུམ། གསུམ་གས་ཆོས་ཀྱི་རྒྱལ་པོ་བུ་སྟོན་རིན་ཆེན་གྲུབ། དེ་ནས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། ཤར་ཆེན་ཡེ་ཤེས་རྒྱ་མཚོ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། དེས་སྐུ་ཞང་བསོད་ནམས་མཆོག་གྲུབ། ཆུ་མིག་ཁ་པ་དཀོན་མཆོག་དཔལ་བཟང་། འབྲོག་ཁང་པ་ཆོས་རྗེ་དོན་གྲུབ་རྒྱལ་མཚན་གསུམ། གསུམ་གས་བྱང་གླིང་ཆོས་རྗེ་རིན་ཆེན་བཀྲ་ཤིས་རྒྱལ་མཚན། དེ་ནས་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། དཀར་པོ་ཆོས་རྗེ་ཀླུ་སྒྲུབ་རྒྱལ་མཚན། མཚུངས་མེད་སྨོན་ལམ་ལྷུན་གྲུབ། ལྕེ་བཙུན་བློ་བཟང་མཁས་བཙུན། དུས་འཁོར་བླ་ཆེན་འཇམ་དཔལ་བཟང་པོ། བླ་ཆེན་བྱམས་པ་སྨོན་ལམ་བསམ་གཏན། ཡབ་སྲས་གཉིས་ཀས་ཁྱབ་བདག་བྱམས་པ་ཆོས་འཕེལ། དེ་ནས་རྗེ་ཡེ་ཤེས་དཔལ་འབྱོར། ཀུན་མཁྱེན་བུ་སྟོན་གཉིས་པ་རིན་ཆེན་བློ་གསལ་བསྟན་སྐྱོང་། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེ་ཉིད་ཀྱིས་བདག་བློ་གཏེར་ལ་དུས་འཁོར་སྙིང་པོའི་དཀྱིལ་འཁོར་གྱི་དབང་རྫོགས་པར་སྩལ་ཞིང་། གང་ལྟར་ཡང་། ཀུན་མཁྱེན་དུས་ཞབས་པ་ཆེན་པོ་ངག་དབང་ཡོན་ཏན་རྒྱ་མཚོ་ལ་ཇོ་ཞལ་བརྒྱུད་པ་གཉིས་འདུས་སུ་གྱུར་པ་དེ་ཉིད་ཀྱིས་བདག་བློ་གཏེར་དབང་པོ་ལ་ཐུགས་བརྩེ་བ་ཆེན་པོས་སྟོན་མཆོག་ཤཱཀྱའི་རྒྱལ་པོས་དཔལ་ལྡན་འབྲས་སྤུངས་སུ་རྩ་རྒྱུད་བསྟན་ནས་བགྲང་བྱ་སྟོ་ཕྲག་༢.༧.༥.༦.་གཉིས་དང་བདུན་བརྒྱ་ང་དྲུག་འཇམ་དཔལ་གྲགས་པས་བསྡུས་རྒྱུད་མཛད་ནས་ལོ་༢.༨.༥.༢.་སྟོང་ཕྲག་གཉིས་དང་བརྒྱ་ང་གཉིས། མེ་མཁའ་རྒྱ་མཚོའི་འདས་ལོ་ཐོག་མ་