[A:156]
ཚུགས་ནས་ལོ་ཉེར་༢.༨.་བརྒྱད་། མེ་མོ་ཡོས་ཀྱི་ལོར་བོད་གངས་ཅན་གྱི་ལྗོངས་འདིར་བྱོན་ནས་རབ་བྱུང་བཅོ་ལྔ་པ་ལས་ཉག་མ་བཞི་དགུ་འདས་པ། རབ་ཚེས་མེ་ཕོ་བྱ་བའི་གནམ་ལོ་ཤར་བ། རྒྱུ་སྐར་ནག་པས་ཉ་བའི་ཟླ་བ། དཀར་ཕྱོགས་རྫོགས་པ་གསུམ་པའི་ཚེས་ཨ༡.༥། དགེ་མཚན་ཕུན་སུམ་ཚོགས་པའི་དུས་སུ་བཀའ་དྲིན་སྩལ་ཏོ། །གཉིས་པ་འབྲོ་ལུགས་ཀྱི་བརྒྱུད་པ་ནི། རིགས་ལྡན་པདྨ་དཀར་པོ་ཡན་གོང་ལྟར་ལ། དེ་ནས་བཟང་པོ་རྣམ་རྒྱལ། བཤེས་གཉེན་བཟང་པོ། ཕྱག་མར། ཁྱབ་འཇུག་སྦས་པ། ཉི་མ་གྲགས་པ། ཤིན་ཏུ་བཟང་པོ་རྒྱ་མཚོ་རྣམ་རྒྱལ། རྒྱལ་པོ་ཉི་མ་སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། ཁ་ཆེ་སོ་མ་ནཱ་ཐ། སྒོམ་པ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། དེ་སྲས་དྷརྨེ་ཤྭ་ར། གྲུབ་ཆེན་ནམ་མཁའ་འོད་ཟེར། གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། འཕགས་འོད་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་བུ་སྟོན་མན་གོང་ལྟར་རོ། །གསུམ་པ་ཤོང་ལུགས་ནི། གྲུབ་ཐོབ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ཡན་གོང་འབྲོ་ལུགས་ལྟར་ལ། དེ་ནས་རིན་ཆེན་རྩེ་མོ། སྟག་སྡེ་བ་སེང་གེ་རྒྱལ་མཚན། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། གུ་རུ་དཔལ་ལྡན་སེང་གེ་ཆོས་རྗེ་བུ་སྟོན་མན་གོང་ལྟར་རོ། །བཞི་པ་ཉེ་བརྒྱུད་ནི། དཔལ་ལྡན་དུས་ཀྱི་འཁོར་ལོ། རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། རིན་ཆེན་མཁྱེན་རབ་མཆོག་གྲུབ་མན་སྔ་མ་ལྟར་རོ། །ལྔ་པ་ཕྱི་འགྱུར་རྒྱ་གར་ཤར་ཕྱོགས་པ་པཎྜི་ཏ་པཱ་