[A:157]
ན་རཏྣའི་ལུགས་ནི། པདྨ་དཀར་པོ་ཡན་སྔར་ལྟར་ལ། དེ་ནས་བཟང་པོ་རྣམ་རྒྱལ། དུས་ཞབས་པ་ཆེ་ཆུང་གཉིས། ཤཱཀྱ་སེང་གེ་རྒྱལ་མཚན། ཉི་མའི་འོད། གོ་ཏི་དཔལ། རིན་ཆེན་བཀྲ་ཤིས། རྒྱལ་བའི་རྒྱན། བློ་ལྡན་རྗེ། ཤཱཀྱ་སྲུང་བ། རྗེ་ཆེན་པོ་ལེགས་སྐྱེས། དཔལ་སངས་རྒྱས་དབྱངས། པཎྜི་ཏ་ནགས་ཀྱི་རིན་ཆེན། ཐུ་བཙུན་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། ཡོངས་འཛིན་ཤཱཀྱ་ཀུན་དགའ། དེས་བླ་མ་ཡེ་ཤེས་དབང་པོ། རྗེ་བཙུན་དབང་ཕྱུག་རྒྱལ་མཚན་གཉིས། གཉིས་ཀས་ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། དེ་ནས་ཞྭ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། ཆོས་རྗེ་སྨོན་ལམ་ལྷུན་གྲུབ་མན་གོང་ལྟར་རོ། །ཡང་ཇོ་ལུགས་ཀྱི་བརྒྱུད་པ་ནི། འཕགས་འོད་ཡན་གོང་འབྲོ་ལུགས་ལྟར་ལ། དེ་ནས་དོལ་བུ་ཤེས་རབ་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་བློ། རྗེ་དཀོན་མཆོག་བཟང་པོ། རྗེ་ནམ་མཁའ་ཆོས་སྐྱོང་། རྗེ་ནམ་མཁའ་དཔལ་བཟང་། རྗེ་རཏྣ་བྷ་དྲ། རྗེ་ཀུན་དགའ་གྲོལ་མཆོག་མཁན་ཆེན་ལུང་རིགས་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། རྒྱལ་ཚབ་རིན་ཆེན་རྒྱ་མཚོ། རྗེ་བློ་གྲོས་རྣམ་རྒྱལ། དེའི་དབོན་ངག་དབང་ཕྲིན་ལས། གྲུབ་ཐོབ་ཀུན་བཟང་དབང་པོ། རིག་འཛིན་ཚེ་དབང་ནོར་བུ། ཀུན་མཁྱེན་བསྟན་པའི་ཉིན་བྱེད། འབེ་ལོ་ཚེ་དབང་ཀུན་ཁྱབ། དབོན་སྤྲུལ་དབང་རྒྱལ་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། དང་པོའི་སངས་རྒྱས་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་ལའོ༎ ་༎དུས་འཁོར་གྱི་རྒྱུད་ལ་རྒྱུད་སྡེ་གཞན་གྱི་དཀྱིལ་འཁོར་བསྟན་པའི་ནང་ནས་མཁའ་འགྲོ་མ་དྲྭ་བ་སྡོམ་པ་ཆེན་པོ་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་པའི་དཀྱིལ་འཁོར་དུ་ཇོ་