R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 158
[A:158] ནང་སྒྲུབ་ཐབས་དང་། དུས་འཁོར་དཀྱིལ་ཆོག་ལ་ཁ་བསྒྱུར་བའི་སྟེང་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། ཟླ་བ་བཟང་པོ་ནས་ཆོས་རྒྱལ་བརྒྱད། འཇམ་དཔལ་གྲགས་པ་ནས་རིགས་ལྡན་ཉེར་ལྔའམ། རིགས་ལྡན་དཔལ་སྐྱོང་ནས། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། ཁ་ཆེ་ཟླ་བ་མགོན་པོ། སྒོམ་པ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། ཡུ་མོ་མི་བསྐྱོད་རྡོ་རྗེ། སྲས་དྷརྨེ་ཤྭ་ར། གྲུབ་ཐོབ་ནམ་མཁའ་འོད་ཟེར། གྲུབ་ཐོབ་སེ་མོ་ཆེ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། བླ་མ་ཆོས་སྐུ་འོད་ཟེར། ཆོས་རྗེ་ཀུན་སྤངས་པ། བྱང་སེམས་རྒྱལ་བ་ཡེ་ཤེས། བླ་མ་ཀུན་མཁྱེན་འཕགས་པ། བུ་སྟོན་རིན་ཆེན་གྲུབ། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། དྷརྨ་ཤྲཱི། ཆོས་རྗེ་ཡོན་ཏན་འབྱུང་གནས། རིགས་ལྡན་རྣམ་རྒྱལ་གྲགས་པ། ཤོང་སྟོན་ཀུན་དགའ་དཔལ། པཎ་ཆེན་ནམ་མཁའ་དཔལ་བཟང་། འཇམ་དབྱངས་ཤེས་རབ་བཀྲ་ཤིས། ཀུན་དགའ་གྲོལ་མཆོག་མཁས་གྲུབ་སངས་རྒྱས་ཡེ་ཤེས། མཁས་པ་བྱམས་པ་ལྷུན་གྲུབ། ཀུན་དགའ་སྙིང་པོ། རིན་ཆེན་རྒྱ་མཚོ། སྙིང་པོ་མཐའ་ཡས། བློ་གྲོས་རྣམ་རྒྱལ། ངག་དབང་ཕྲིན་ལས། ཀུན་བཟང་དབང་པོ། བླ་མ་བློ་བཟང་། བསྟན་འཛིན་ཆོས་ཀྱི་ཉི་མ། ཚེ་དབང་ཀུན་ཁྱབ། ཀརྨ་རཏྣ། སྒྲུབ་བླ་མ་ནཱ་ཐའི་མཚན། ཀརྨ་འོད་གསལ་འགྱུར་མེད། ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ། །ཡང་ན། བུ་སྟོན་ནས། བྱང་རྩེ་གྲགས་པ་རྒྱལ་མཚན། བོ་དོང་འཇིགས་མེད་གྲགས་པ། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་། ཤོང་སྟོན་ཀུན་དགའ་དཔལ་མན་གོང་མ་ལྟར་རོ༎ ་༎གཉིས་པ་ཟབ་པའི་གཉིས་སུ་