R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 165
[A:165] འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། རྗེ་སེང་གེ་རྒྱལ་མཚན། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། དེས་བདག་བློ་གཏེར་ལའོ༎ ་༎རྩ་རྒྱུད་བརྟགས་པ་གཉིས་པ་ལ་བརྟེན་ནས་སློབ་དཔོན་མཚོ་སྐྱེས་ཞབས་དང་། ནཱ་རོ། མཻ་ཏྲའི་མན་ངག་མངའ་བདག་མར་སྟོན་ཆེན་པོར་བཀའ་བབས་པ་དགྱེས་མཛད་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དུ་ངག་དབང་ཡོན་ཏན་རྒྱ་མཚོའི་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། བྱང་སེམས་རྡོ་རྗེ་སྙིང་པོ། ཨཱཪྻ་ནཱ་ག་རྫུ་ན། ཨཱཪྻ་དེ་བ། ཙནྡྲ་ཀིརྟི། མ་ཏངྒི་པ། ཏཻ་ལོ་པྲཛྙཱ་བྷ་དྲ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྔོག་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་སེང་གེ་སྒྲ། རྔོག་ཀུན་དགའ་རྡོ་རྗེ་ནས་ངག་དབང་ཡོན་ཏན་རྒྱ་མཚོས་བདག་བློ་གཏེར་ལ་སྩལ་བའི་བར་གོང་བདེ་མཆོག་མ་ཧཱ་མཱ་ཡཱ་དང་འདྲའོ༎ ་༎མར་སྟོན་ཆེན་པོའི་བཀའ་སྲོལ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་རྗེ་བློ་གྲོས་མཐའ་ཡས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། དཔལ་ས་ར་ཧ། སློབ་དཔོན་ཀླུ་སྒྲུབ། ཌཱ་ཀི་མ་སྐལ་བ་བཟང་མོ། ལྭ་བ་པ། ཏཻ་ལོ་པ། ནཱ་རོ་པ། མར་སྟོན་ཆོས་ཀྱི་བློ་གྲོས། རྔོག་སྟོན་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། རྔོག་སེང་གེ་སྒྲ། རྔོག་ཀུན་དགའ་རྡོ་རྗེ་ནས་ཡོན་ཏན་རྒྱ་མཚོས་བདག་པ་སྩལ་བའི་བར་གོང་བདེ་མཆོག་མ་ཧཱ་མཱ་ཡཱ་བཞིན་ནམ། ཡང་ན། རྔོག་ཀུན་དགའ་རྡོ་རྗེ་ཡན་གོང་ལྟར་ལ། དེ་ནས་རྒྱ་སྒོམ་ཡེ་ཤེས་འོད་ཟེར། ཀརྨ་པ་དུས་གསུམ་