R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 166
[A:166] མཁྱེན་པ། གཉན་རས་དགེ་འདུན་འབུམ། ཚུལ་ཁྲིམས་རིན་ཆེན། རང་བྱུང་རྡོ་རྗེ། ཚོགས་དཔོན་ཡོན་ཏན་རྒྱལ། རིན་ཆེན་རྒྱལ་མཚན། མཚུར་སྟོན་ཆོས་ཀྱི་རིན་ཆེན་ནམ། ཡང་ན། རང་བྱུང་རྡོ་རྗེ་ནས། ཀར་ཤོད་ཆོས་རྒྱལ། རྒྱལ་བ་རྡོ་རྗེ། མཚུར་སྟོན་ཆོས་ཀྱི་རིན་ཆེན། གང་ལྟར་ཡང་། དེ་ནས། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། གོ་ཤྲཱི་དཔལ་འབྱོར་དོན་གྲུབ། ཞྭ་དམར་བཞི་པ་སྤྱན་སྔ་ཆོས་གྲགས་མན་གོང་བདེ་མཆོག་མ་ཧཱ་མཱ་ཡཱ་དང་འདྲའོ༎ ་༎ཀུན་མཁྱེན་ཇོ་ནང་པ་ནས་བརྒྱུད་པའི་གྲུབ་ཆེན་ཞི་བ་སྦས་པའི་ལུགས་ཀྱི་དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། དགྱེས་མཛད་ཧེ་རུ་ཀ་།རྡོ་རྗེ་བདག་མེད་མ། གྲུབ་ཆེན་ཞི་བ་སྦས་པ། པཎ་ཆེན་གང་བའི་རྡོ་རྗེ། ཇོ་ནང་ཏཱ་ར་ནཱ་ཐ། ཕྲིན་ལས་དབང་མོ། སྙིང་པོ་མཐའ་ཡས། ཀུན་བཟང་དབང་པོ། གཡུ་རྩེ་འབྲས་སྤུངས་པ་མ་ཏི་བྷ་དྲ། དཔའ་བོ་བདུན་པ་གཙུག་ལག་དགའ་བའི་དབང་པོ། འབེ་ལོ་ཚེ་དབང་ཀུན་ཁྱབ། དབོན་སྤྲུལ་ཀརྨ་རིན་ཆེན། ཀརྨ་འོད་གསལ་འགྱུར་མེད། ངག་དབང་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའོ༎ ་༎དཔལ་སྟག་ལུང་པ་ནས་བརྒྱུད་པའི་ཀྱེ་རྡོ་རྗེ་ཛྙཱ་ན་ལུགས་སམ་ནཱ་རོ་ལུགས་སུ་གྲགས་པ་ལྷ་དགུའི་དཀྱིལ་འཁོར་དུ་འཕགས་པ་སངས་རྒྱས་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། དགྱེས་མཛད་ཧེ་རུ་ཀ་རྡོ་རྗེ་བདག་མེད་མ། གསང་བདག་རྡོ་རྗེ་འཛིན། པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ནཱ་ག་ཌཱ་ཀི་ཌོམྦི་ཧེ་རུ་ཀ་བི་ན་བཛྲ། ཀམྦ་ལ། ཏཻ་ལོ་པ། ནཱ་རོ་པ། ཌོམྦི་བ་ཕྱི་མ། ཀ་ན་ཀ་ཤྲཱི། བཛྲ་ཨཱ་ཀ་ར། བིཪྻཱ་ཙནྡྲ།