[A:167]
ཀོ་ཀི་ལཱི་པ། སུ་མ་ཏི་བཛྲ། བུདྡྷ་ཀཱིརྟི། གུ་ཎ་སིདྡྷི། ཨ་པ་གརྦྷ། བཻ་རོ་ཙཱ་ན་རཀྵི་ཏ། རྣལ་འབྱོར་གྱི་དབང་ཕྱུག་ཛྙཱ་ན་བཛྲ་ཏ་པ། སྟག་ལུང་སངས་རྒྱས་དབོན་གྲགས་དཔལ་འོད་ཟེར། སྐུ་ཞང་ལྷ་བཙུན་ཀུན་དགའ་དཔལ། ལྷ་བཙུན་དབང་ཕྱུག་དཔལ། བསོད་ནམས་རྒྱལ་མཚན། རྒྱལ་བ་བཟང་པོ། དྲུང་བློ་གྲོས་རིན་ཆེན། དྲུང་དོན་གྲུབ་རིན་ཆེན། ཆོས་དཔལ་བཟང་པོ། མཁར་དྲུང་བསོད་ནམས་བཀྲ་ཤིས། རྗེ་དྲུང་མཚོ་སྐྱེས་རྡོ་རྗེ། རྗེ་ཀུན་དགའ་བཀྲ་ཤིས། སྟག་ལུང་པ་ངག་དབང་རྣམ་རྒྱལ། བཀྲ་ཤིས་དཔལ་གྲུབ། གྲགས་པ་ལེགས་གྲུབ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། བཀྲ་ཤིས་དབང་རྒྱལ། གྲགས་པ་མཐོང་ཐོས། ངག་དབང་ཕྲིན་ལས་བསྟན་འཛིན། གྲགས་པ་རྒྱལ་མཚན། དགེ་ལེགས་དཔལ་འབྱོར། འཕགས་མཆོག་ཆོས་དབྱིངས་ལྷུན་གྲུབ། སྟག་ལུང་པ་ངག་དབང་བསྟན་པའི་ཉི་མ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། གཉིས་ཀས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བློ་གཏེར་ལའོ། །ཡང་ན། ཀུན་དགའ་དཔལ་ནས། ཆོས་རྗེ་ཨོ་རྒྱན་མགོན་པོ། རྗེ་རྒྱལ་བའི་མཚན་ཅན། རྗེ་རཏྣཱ་ཀ་ར། རྗེ་གྲགས་པའི་མཚན་ཅན། རྗེ་དྲུང་མི་གཡོ་མགོན་པོ། མགོན་པོ་ཡེ་ཤེས། འཇིག་རྟེན་དབང་ཕྱུག་།པདྨ་རྒྱལ་པོ། མཚོ་སྐྱེས་རྡོ་རྗེ་མན་གོང་ལྟར་རོ༎ ་༎གཉིས་པ་དཔལ་ཀྱེ་རྡོ་རྗེའི་བཤད་རྒྱུད་ཐུན་མོང་མ་ཡིན་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལ་བརྟེན་ནས་འཕགས་ཡུལ་གྲུབ་པའི་སློབ་དཔོན་མི་ཐུབ་ཟླ་བས་བཀྲལ་བའི་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་བཅོམ་ལྡན་འདས་མཁའ་འགྲོ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོར་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་