R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 168
[A:168] འཆང་། བདག་མེད་མ། བིཪྺ་པ། ཌོམྦི་ཧེ་རུ་ཀ་ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འགོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ། ས་ཆེན། ནེ་ཙོ་སྦལ་སྟོན། སྟག་སོ་པ་རིན་ཆེན་དོན་གྲུབ། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་དབང་རིན། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་བཟང་པོ། རྗེ་སངས་རྒྱས་དཔལ་གྲུབ། འཇམ་དབྱངས་ནམ་མཁའ་བརྟན་པ། དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱ་མཚོ། ཐར་པཎ་ནམ་མཁའ་དཔལ་བཟང་། བྱམས་པ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཤར་ཆེན་ཤེས་རབ་འབྱུང་གནས། རྗེ་དམ་ཆོས་བསམ་འགྲུབ། མཁས་གྲུབ་སངས་རྒྱས་ཕུན་ཚོགས། མཚུངས་མེད་བསྟན་འཛིན་ལྷུན་གྲུབ། བྱམས་པ་དཔལ་ལྡན་ཆོས་སྐྱོང་། དེ་དབོན་རིན་ཆེན་མཆོག་གྲུབ། ཆོས་རྗེ་རིན་ཆེན་ལྷུན་གྲུབ། ངག་དབང་བློ་གྲོས་བཟང་པོ། བཤེས་གཉེན་ངག་དབང་བསྟན་པ། འཇམ་མགོན་ངག་དབང་ལེགས་གྲུབ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། དེས་བདག་བློ་གཏེར་ལའམ། ཡང་ན། ངག་དབང་ལེགས་གྲུབ་ནས། སྤྲུལ་སྐུ་ཤེས་རབ་རྒྱ་མཚོ། དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་སོ༎ ་༎མངའ་བདག་ལྷོ་བྲག་པ་ཆེན་པོ་ནས་བརྒྱུད་པའི་གུར་རིགས་བསྡུས་ལྷ་བཞི་བཅུ་རྩ་དགུའི་དཀྱིལ་འཁོར་དུ་ངག་དབང་ཡོན་ཏན་རྒྱ་མཚོའི་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། བྲམ་ཟེ་ས་ར་ཧ། དཔལ་མགོན་ཀླུ་སྒྲུབ། ཌཱ་ཀི་མ་སྐལ་བ་བཟང་མོ། གྲུབ་ཆེན་ལྭ་བ་པ། རྣལ་