[A:169]
འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། རྗེ་བཙུན་མར་པ་ལོ་ཙཱ། རྔོག་སྟོན་ཆོས་སྐུ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ། ར་མ་རྡོ་རྗེ་གྲགས། བཀའ་ལུང་གཉན་སྒོམ། མངའ་རིས་པ་བྱང་ཆུབ་ཚུལ་ཁྲིམས། རྒྱ་ཕོ་བ་ལུང་པ་ཡོན་ཏན་གྲགས། བླ་མ་རྒྱལ་པོ་དགའ་བ། རྔོག་སེང་གེ་སྒྲ། རྔོག་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ། རྔོག་བྱང་ཆུབ་དཔལ། ལོ་ཆེན་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་གྲགས་པ། མཁན་ཆེན་ཤེས་རབ་དཔལ། ཆོས་རྒྱལ་རིན་ཆེན་ཕུན་ཚོགས། རྗེ་བཙུན་རིན་ཆེན་དཔལ། མཚུངས་མེད་ཆོས་རྒྱལ་ཕུན་ཚོགས། ཆོས་རྗེ་བཀྲ་ཤིས་ཕུན་ཚོགས། རིག་འཛིན་ཆོས་ཀྱི་གྲགས་པ། རྡོར་འཛིན་དཀོན་མཆོག་ལྷུན་གྲུབ། དཀོན་མཆོག་ཕྲིན་ལས་བཟང་པོ། དོན་གྲུབ་ཆོས་ཀྱི་རྒྱལ་པོ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། ཀརྨ་ངེས་ལེགས་བསྟན་འཛིན། ཀརྨ་ཚེ་དབང་ཀུན་ཁྱབ། ངེས་དོན་བསྟན་འཛིན་རབ་རྒྱས། ཁྲ་ལེབ་ཡེ་ཤེས་ཉི་མ། རྡོ་རྗེ་འཆང་ངག་དབང་ཡོན་ཏན་རྒྱ་མཚོ། དེས་བདག་བློ་གཏེར་ལའོ༎ ་༎འཕགས་ཡུལ་གྲུབ་པའི་སློབ་དཔོན་རྟ་མཆོག་ཞབས་དང་། ས་ར་ཧ་པ། ཀླུ་སྒྲུབ། ནག་པོའི་ཞབས་སོགས་ཀྱིས་བདེ་དགྱེས་སོགས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བཤད་རྒྱུད་ཐུན་མོང་བ་དཔལ་སམྦུ་ཊའི་རྒྱུད་ལ་བརྟེན་ནས་བཀྲལ་བའི་བདེ་མཆོག་ཞི་བ་རྡོར་སེམས་རྡོ་རྗེ་དབྱིངས་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་ཆེན་པོར་རྗེ་ངག་དབང་ལེགས་གྲུབ་ཀྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། བདག་མེད་མ། བིཪྺ་པ། ཌོམྦི་ཧེ་རུ་ཀ་ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི། ཛ་ཡ་ཤྲཱིཿ་མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་ལོ་ཤཱཀྱ་ཡེ་ཤེས། མཁས་པ་གསལ་བའི་སྙིང་པོ།