R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 170
[A:170] འཁོན་དགྲ་ལྷ་འབར། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། པཎ་ཆེན་ཀུན་དགའ་རྒྱལ་མཚན། ཚོགས་སྒོམ་ཀུན་དགའ་དཔལ། གཉགས་སྙིང་པོ་རྒྱལ་མཚན། ཞང་བཀྲ་ཤིས་དཔལ། སྤང་ཁང་པ་གྲགས་པ་དཔལ། ས་བཟང་མ་ཏི་པཎ་ཆེན། ས་བཟང་གཞོན་ནུ་བློ་གྲོས། ངོར་ཆེན་ཀུན་དགའ་བཟང་པོ། གོ་རམས་བསོད་ནམས་སེང་གེ་མུས་ཆེན་སངས་རྒྱས་རིན་ཆེན། དགེ་ལེགས་བཤེས་གཉེན། ཤར་ཁང་ཤེས་རབ་རྒྱལ་མཚན། ནམ་མཁའ་དཔལ་བཟང་། དཔལ་ལྡན་དོན་གྲུབ། ཤེས་རབ་འབྱུང་གནས། ལྷུན་གྲུབ་དཔལ་ལྡན། སངས་རྒྱས་ཕུན་ཚོགས། དེས་བྱམས་པ་བསོད་ནམས་བཟང་པོ། ཚུལ་ཁྲིམས་ལྷུན་གྲུབ་གཉིས། གཉིས་ཀས་གུ་རུམ་པ་བསྟན་པ་རྒྱལ་མཚན། དེ་ནས་ངག་དབང་བསོད་ནམས་བསྟན་འཛིན། ཆོས་རྗེ་ཀུན་དགའ་ཡེ་ཤེས། བཤེས་གཉེན་ངག་དབང་བརྟན་པ། ཁྱབ་བདག་ངག་དབང་ལེགས་གྲུབ། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། བཀའ་དྲིན་མཉམ་མེད་དཔལ་ལྡན་བློ་གྲོས་རྒྱལ་མཚན། དེས་བདག་བློ་གཏེར་ལའོ། །ཡང་ན། ཀུན་དགའ་བསྟན་པའི་རྒྱལ་མཚན་ནས། ངག་དབང་ཆོས་སྐྱོང་བཟང་པོ། རིན་ཆེན་ལྷུན་གྲུབ། བློ་གྲོས་བཟང་པོ། དབོན་བློ་གྲོས་རྒྱལ་མཚན། བཤེས་གཉེན་ངག་དབང་བསྟན་པ་མན་འདྲའོ༎ ་༎མངའ་བདག་མར་པའི་བཀའ་སྲོལ་ཞི་བ་རྡོ་རྗེ་སེམས་དཔའ་རྡོ་རྗེ་དབྱིངས་ལྷ་སོ་བདུན་མའི་དཀྱིལ་འཁོར་དུ་འཇམ་མགོན་ངག་དབང་ཡོན་ཏན་རྒྱ་མཚོའི་སྒྲུབ་དཀྱིལ་གྱི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། མེ་ཛ་གླིང་པ། རྭ་ལོ་ཙཱ་