[A:176]
དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། མཐུ་ཆེན་ཨ་གཉན་དམ་པ། བླ་མ་བདག་ཉིད་ཆེན་པོ། ཆོས་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་ཀྱི་དཔལ་བ། བཟང་པོ་རྒྱལ་མཚན། དགེ་བ་རྒྱལ་མཚན། སངས་རྒྱས་མཆོག་པ། སྐྱེས་མཆོག་རྒྱལ་མཚན། བཀྲ་ཤིས་སེང་གེ་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག་བསླབ་གསུམ་རྒྱལ་མཚན། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། བསོད་ནམས་མཆོག་གྲུབ། ངག་དབང་ལྷུན་གྲུབ། ཀུན་དགའ་ལྷུན་གྲུབ། སངས་རྒྱས་རྒྱ་མཚོ། ཀུན་དགའ་ལེགས་འབྱུང་། ཀུན་དགའ་བློ་གྲོས། ཡར་ཀླུང་པ་ནམ་མཁའ་ལེགས་པ་ལྷུན་གྲུབ། བཀྲ་ཤིས་དབང་ཕྱུག་ངག་དབང་ཆོས་འབྱོར། བསྟན་འཛིན་ཆོས་དཔལ། ཀུན་དགའ་བཀྲ་ཤིས། ཀུན་དགའ་བསམ་གཏན། རིན་ཆེན་ཆོས་སྐྱོང་། ངག་དབང་བསམ་གཏན། མཐུ་ཆེན་འཇམ་དཔལ་བསྟན་འཛིན། དེས་བདག་བློ་གཏེར་ལའོ། །ཡང་ན། ཀུན་བློ་ནས་ཞལ་ངོ་ནང་བརྒྱུད་ཀྱི་པདྨ་བདུད་འདུལ་དབང་ཕྱུག་དང་། ཡབ་ཆེན་ཀུན་དགའ་རིན་ཆེན་གཉིས། གཉིས་ཀས་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོ། དེས་བདག་ལའོ༎ ་༈་་༎གཉིས་པ་གདམས་ངག་གི་སྐོར་ལ། གྲུབ་ཆེན་དམ་པ་རྒྱ་གར་གྱིས་བཀྲལ་བའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ལས་ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་དཀྱིལ་འཁོར་དུ་ཡིག་རྙིང་གི་སྟེང་ནས་དབང་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྣམ་པར་སྣང་མཛད། ཤཱཀྱ་ཐུབ་པ། ཕྱག་ན་རྡོ་རྗེ། མཁའ་འགྲོ་དབྱིངས་ཀྱི་གཙོ་མོ། དམ་པ་སངས་རྒྱས། རྒྱལ་སྲས་བྱང་སེམས་ཀུན་དགའ། པ་ཚབ་དགོན་པ་ཚུལ་