R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 177
[A:177] ཁྲིམས་འབར། གྲུབ་པའི་རྒྱལ་བ་ཏེ་ནེ་པ། རོག་ཤེས་རབ་འོད་ཟེར་དང་། ཞིག་པོ་ཉི་མ་སེང་གེ་སྙེ་མདོ་སྨྲ་བའི་སེང་གེ་སྟེ་སྐུ་མཆེད་གསུམ། རོག་ཐམས་ཅད་མཁྱེན་པ་བསོད་ནམས་དཔལ། རོག་རྒྱལ་སྲས་ཀུན་དགའ་བཟང་པོ་དང་། ཀུན་དགའ་དངོས་གྲུབ་སྟེ་སྐུ་མཆེད་གཉིས། མཚན་ལྡན་རི་ཁྲོད་དབང་ཕྱུག་མཁན་ཆེན་ཚུལ་ཁྲིམས་ཕན་པ། དྲིན་ཅན་སངས་རྒྱས་དབོན་པོའམ། ཡང་ན། ཀུན་དགའ་སྐུ་མཆེད་ནས། རྒྱ་སྟོན་སྨོན་ལམ་ཤེས་རབ་དང་། སངས་རྒྱས་དབོན་པོ། གཉིས་ཀས་གཅེན་བྱང་ཆུབ་བཟང་པོ། གཅུང་མི་བསྐྱོད་རྡོ་རྗེ་སྟེ་དམ་ཆོས་ཀུན་མཁྱེན་སྐུ་མཆེད། རྒྱ་སྒོམ་རྡོ་རྗེ་གདན་པ། བྱང་སེམས་རྒྱ་མཚོ་སྦྱིན་པ། ཡང་ན། ཀུན་མཁྱེན་གཅེན་བྱང་ཆུབ་བཟང་པོ་ནས། ཆོས་རྗེ་བློ་གྲོས་རྒྱ་མཚོ། རས་ཆེན་དཔལ་ལྡན་བསོད་ནམས། ཐུགས་སྲས་བསོད་ནམས་འོད་ཟེར། ལུང་ཆེན་པ་བསོད་ནམས་དཔལ་བཟང་དང་། རྒྱ་མཚོ་སྦྱིན་པ་གཉིས་ནས། སྐུ་གསུམ་བདེ་ཆེན་ལྷུན་གྲུབ། མཁས་གྲུབ་ནམ་མཁའ་བཟང་པོ། འཇམ་དབྱངས་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་དཔལ་འབྱོར་ཕུན་ཚོགས། མཚུངས་མེད་བཀྲ་ཤིས་བཟང་པོ། དིང་རི་བ་འཆི་མེད་བློ་གྲོས་བརྟན་པ། དིང་རི་བ་འཆི་མེད་གཞོན་ནུ་བློ་གྲོས། གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། བསམ་ཡས་མཁན་པོ་བློ་གསལ་རབ་རྒྱས། འཕགས་པ་དགེ་ལེགས་རྒྱལ་མཚན། སྨིན་གླིང་ཁྲི་ཆེན་འགྱུར་མེད་ཕྲིན་ལས་རྣམ་རྒྱལ། རྗེ་བཙུན་མ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། བཻ་རོ་ཙ་ན་བློ་གྲོས་མཐའ་ཡས། དེས་བདག་བློ་གཏེར་ལའོ། །ཡང་ན། རྡོ་རྗེ་འཆང་། བདག་མེད་མ། བྱིན་རླབས་མཁའ་འགྲོའི་བླ་མ་སུམ་ཅུ་རྩ་དྲུག་གྲུབ་ཐོབ་ལྔ་བཅུ་རྩ་ལྔ།