[A:179]
ཞེས་སོགས་གསུངས་པ་དང་། གཞན་ཡང་འདི་ཉིད་ཀྱི་རྒྱུད་རིན་པོ་ཆེའི་རྒྱལ་པོ་ཞེས་འཕགས་ཡུལ་དུ་བཞུགས་པ་རྣམས་ལ་བརྟེན་ནས་བླ་མ་རྡོ་རྗེ་གདན་པས་བཀྲལ་ཞིང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱི་གསེར་ཆོས་རྒྱ་མཚོ་ཙམ་ཞིག་བཞུགས་པའི་ནང་ནས་གཙོ་བོར་གྱུར་པ་ཤངས་ལུགས་རྒྱུད་སྡེ་ལྔ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོར་ཇོ་ནང་གི་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པའི་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ལ། དགྱེས་པ་རྡོ་རྗེའི་ནི། རྡོ་རྗེ་འཆང་། བདག་མེད་མ། ཌོམྦི་ཧེ་རུ་ཀ་ངོ་མཚར་རྡོ་རྗེ། གནྡྷ་རི་པ། རྒྱལ་བ་དཔལ། མི་ཐུབ་ཟླ་བ། ཤཱནྟི་པ། རྡོ་རྗེ་གདན་པ་ཆེན་པོ། ཨ་བྷ་ཡཱ་ཀ་ར་གུཔྟའམ་བོད་སྐད་དུ་འཇིགས་མེད་འབྱུང་གནས་སྦས་པའོ། །གསང་འདུས་མི་བསྐྱོད་རྡོ་རྗེའི་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། འཕགས་པ་ལྷ། བྱང་ཆུབ་བཀྲ་ཤིས་མ། མ་ཏངྒི། ཏཻ་ལོ། ནཱ་རོ། ཏ་ཐཱ་ག་ཏ་རཀྵི་ཏ། ཨ་བྷ་ཡའོ། །བདེ་མཆོག་གི་ནི། རྡོ་རྗེ་འཆང་། རྣལ་འབྱོར་མ། ལཱུ་ཧི་པ། ཌོམྦི་པ། རྡོ་རྗེ་དྲིལ་བུ་པ། ག་པཱ་ལ། ཛཱ་ལེནྡྷ་ར། ནག་པོ་སྤྱོད་པ། དགེ་བའི་མགོན་པོ། ཏཻ་ལོ་པ། ནཱ་རོ་པ། བློ་གྲོས་བཟང་པོ། ཨ་བྷ་ཡའོ། །མ་ཧཱ་མཱ་ཡཱའི་ནི། རྡོ་རྗེ་འཆང་། ཀུ་ཀུ་རི་པ། པདྨ་པ། ཞི་བ་བཟང་པོ། ཤཱནྟི་པ། རྡོ་རྗེ་གདན་པ། ཨ་བྷ་ཡའོ། །འཇིགས་བྱེད་ཀྱི་ནི། རྡོ་རྗེ་འཆང་། སྐལ་བ་བཟང་མོ། ལ་ལི་ཏ། ཨིནྡྲ་བྷཱུ་ཏི་ཆུང་བ། དཔལ་འཛིན། རྣམ་སྣང་སྲུང་བ། ཀ་མ་ལ་རཀྵི་ཏ། ཨ་བྷ་ཡའོ། །རྒྱུད་སྡེ་ལྔ་གའི་མན་ངག་གི་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། གྲུབ་པའི་དཔའ་བོ། རིན་ཆེན་འབྱུང་གནས། ཨ་ཏ་ཡ་བཛྲ། རཱ་ཧུ་