[A:180]
ལ་གུཔྟ་བཛྲ་སྟེ། དེ་ལྟར་བླ་མ་རྒྱ་གར་བ་རྣམས་ཀྱི་བཀའ་བབས་ཀྱི་ཆུ་བོ་གཅིག་ཏུ་འདུས་ཤིང་། རྒྱལ་བས་ཉན་ཐོས་རྫུ་འཕྲུལ་ཆེན་པོར་ལུང་བསྟན་པ། ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་ཚུལ་ཁྲིམས་མགོན་པོ། མཉམ་མེད་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ་གཉན་སྟོན་བརྩོན་འགྲུས་སེང་གེ་ཆོས་རྗེ་སྟོན་པ་ཆོས་ཀྱི་བརྩོན་འགྲུས། ཤངས་སྟོན་རིན་ཆེན་འབུམ། ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན་པོ། རས་ཆེན་སངས་རྒྱས་སེང་གེ་ཤངས་དཀར་བ། སངས་རྒྱས་དཔལ་བཟང་། ནམ་མཁའ་རྒྱལ་མཚན། རྒྱ་སྒོམ་ལེགས་པ་རྒྱལ་མཚན། རྗེ་ཀུན་དགའ་གྲོལ་མཆོག་།བྲག་སྟོད་པ་ལྷ་དབང་གྲགས་པ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའམ། ཡང་ན། ཆོས་ཀྱི་བརྩོན་འགྲུས་ནས། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། འཇག་ཆུང་བློ་གྲོས་དཔལ་བཟང་། འཇག་ཆུང་ཀུན་དགའ་དཔལ་བཟང་། ཆོས་དཔལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། མཁྱེན་རབ་མཆོག་གྲུབ། ཀུན་བཟང་ཆོས་དབྱིངས། ཏཱ་ར་ནཱ་ཐའོ། །གང་ལྟར་ཡང་། དེ་ནས་རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། རིན་ཆེན་མཉམ་གཞག་ཡེ་ཤེས་རྒྱལ་མཚན། བླ་མ་སྦྱིན་པ། རྣམ་རྒྱལ་དོན་གྲུབ། འབེ་ལོ་ཚེ་དབང་ཀུན་ཁྱབ། མཆོག་སྤྲུལ་ཀརྨ་རཏྣ། ཀརྨ་འོད་གསལ་འགྱུར་མེད། ངག་གི་དབང་ཕྱུག་ཡོན་ཏན་རྒྱ་མཚོ་དང་། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། དེ་གཉིས་ཀས་བདག་བློ་གཏེར་དབང་པོར་སྩལ་ཏོ༎ ་༎ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་དངོས་སུ་སྩལ་བའི་གདམས་ངག་ལ་བྱིན་རླབས་སྒོ་འབྱེད་ཀྱི་བཀའ་གཉིས་ལས། འདིར་