[A:181]
དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་དུ་ཇོ་ནང་སྒྲུབ་དཀྱིལ་གྱི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུཔྟ་སྟེ་ངེས་པར་སྦས་མར་གྲགས་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་གྲུས། དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་གཉན་སྟོན་སྦས་པའི་རྣལ་འབྱོར་བརྩོན་འགྲུས་སེང་གེ་འགྲོ་མགོན་སངས་རྒྱས་སྟོན་པ་ཆོས་ཀྱི་བརྩོན་འགྲུས། མཁས་གྲུབ་གཙང་པ་ཤངས་སྟོན་རིན་ཆེན་འབུམ། ཁྱུང་པོ་ཚུལ་ཁྲིམས་མགོན་པོ། བྱ་བྲལ་རི་ཁྲོད་རས་ཆེན་སངས་རྒྱས་སེང་གེ་མཁྱེན་ལྡན་ཤངས་པ་དཀར་པོ་རིན་ཆེན་རྒྱལ་མཚན། ལྐུག་ལུང་པ་མཉམ་མེད་སངས་རྒྱས་དཔལ་བཟང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྒྱ་འདི་ཡན་ལ་བརྒྱུད་པ་རིན་ཆེན་སྣ་བདུན་སྔ་ཕྱི་གཉིས་ཟེར། སྒོམ་ལེགས་པ་རྒྱལ་མཚན། རྗེ་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས་པ། རྡོ་རིང་དབོན་ཀུན་དགའ་རྒྱལ་མཚན། གསང་བདག་ཏཱ་ར་ནཱ་ཐ། རྒྱལ་ཚབ་ཡེ་ཤེས་རྒྱ་མཚོ། བྱམས་པ་ཡོན་ཏན་མགོན་པོ། འཇའ་ལུས་མགོན་པོ་དཔལ་འབྱོར། རྗེ་མགོན་པོ་གྲགས་པ། གྲུབ་དབང་མགོན་པོ་རྣལ་འབྱོར། རིག་འཛིན་ཚེ་དབང་ནོར་བུ། འབྲུག་ཆེན་ཐམས་ཅད་མཁྱེན་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ། རྨོག་ལྕོག་པ་ཀུན་དགའ་དགེ་ལེགས་དཔལ་འབར། ཀུན་དགའ་ལྷུན་གྲུབ་རྒྱ་མཚོ། སཔཚ་བློ་གྲོས་སུ་གྲགས་པ་གྲུབ་ཆེན་བཀའ་བརྒྱུད་བསྟན་འཛིན། གྲུབ་བརྙེས་ཀརྨ་ལྷག་མཐོང་། གྲུབ་དབང་ཀརྨ་ནོར་བུ། ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས། དེ་གཉིས་ཀས་བདག་བློ་གཏེར་ལའོ། །