[A:182]
ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མས་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་དངོས་སུ་གནང་བའི་ཟབ་ཆོས་དབང་བཀའ་ཀུན་གྱི་སྙིང་པོར་གྱུར་པ་སྒྱུ་ལུས་དབང་མོ་ཆེ་ཞེས་བླ་མ་རྡོ་རྗེ་འཆང་། ཡི་དམ་རྒྱུད་སྡེ་ལྔ། མཁའ་འགྲོ་རྣལ་འབྱོར་མ་ལྔ། ཆོས་སྐྱོང་ཕྱག་དྲུག་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་དུ་བློ་གསལ་ཞབས་ཀྱི་ཡིག་སྟེང་ནས་དབང་ཡོངས་རྫོགས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མཁས་གྲུབ་གཙང་པ་ཤངས་སྟོན་ཡན་གོང་ནི་བདེ་ལྟར་ལ། དེ་ནས་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། དཔལ་ལྡན་དར་པོ། ཀུན་དགའ་གྲོལ་མཆོག་ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་མཁར་རྩེ་པ་ངག་དབང་བསོད་ནམས་རྒྱལ་མཚན། ཀ་སྤེ་བ་ངག་དབང་བསྟན་པ་རབ་རྒྱས། མང་ཐོས་བསོད་ནམས་ཆོས་འཕེལ། འདྲེན་མཆོག་སངས་རྒྱས་བསྟན་པ། ཁྱབ་བདག་སངས་རྒྱས་དཔལ་བཟང་། མུས་ཆེན་བསོད་ནམས་དཔལ་བཟང་། སྐལ་ལྡན་ཆོས་ཉིད་ཡེ་ཤེས། མཚུངས་མེད་ཡེ་ཤེས་རྒྱལ་མཆོག་ཡོངས་འཛིན་བློ་གྲོས་རྒྱ་མཚོ། འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་བློ་གྲོས་མཐའ་ཡས། དེས་བདག་བློ་གཏེར་ལའོ། །ཡང་ན། ཏཱ་ར་ནཱ་ཐ་ཡན་གོང་གི་ནི་བདེ་ལྟར་ལ། དེ་ནས། ཐུ་བཙུན་ཀུན་དགའ་བསོད་ནམས། རྨོག་ལྕོག་པ་བྱམས་པ་ལྷུན་གྲུབ། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་ལྷུན་གྲུབ། ངག་དབང་བློ་གྲོས། ངག་དབང་འཇམ་དབྱངས། ངག་དབང་ཆོས་འཕེལ། བློ་བཟང་མཐུ་སྟོབས། ཞྭ་ལུ་བློ་གསལ་བསྟན་སྐྱོང་།