[A:183]
འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ། ངག་གི་དབང་པོ་ཡོན་ཏན་རྒྱ་མཚོ། དེས་བདག་ལའོ༎ ་༎པཎ་ཆེན་ནཱ་རོ་ཏཱ་པའི་མན་ངག་རྗེ་མར་པར་བཀའ་བབས་པའི་སྙན་བརྒྱུད་ནོར་བུ་སྐོར་གསུམ་ཞེས་གྲགས་པ་རྒྱས་པ་རས་ཆུང་སྙན་བརྒྱུད། འབྲིང་པོ་དྭགས་པོ་སྙན་བརྒྱུད། བསྡུས་པ་ངམ་རྫོང་སྙན་བརྒྱུད་དང་གསུམ་ལས། དང་པོ་རས་ཆུང་སྙན་བརྒྱུད་དུ་གྲགས་པའི་དཔལ་འཁོར་ལོ་བདེ་མཆོག་ཡབ་བཀའ་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་དུ་རྗེ་མཁྱེན་བརྩེའི་དབང་པོའི་ཡིག་སྟེང་ནས་དབང་བཞི་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཏེ་ལོ་པྲཛྙཱ་བྷ་དྲ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པའི་རྡོ་རྗེ། རས་ཆུང་རྡོ་རྗེ་གྲགས་པ། ཁྱུང་ཚང་ཡེ་ཤེས་བླ་མ། དེས་མར་སྟོན་ཚུལ་ཁྲིམས་འབྱུང་གནས། ཉེ་གནས་ཤར་པ་སྟར་སྒོམ། ཐུགས་སྲས་མ་གཅིག་ཨོང་ཇོ་སྟེ་སྦས་པའི་གྲུབ་ཐོབ་གསུམ། གསུམ་གས་ཞང་ལོ་ཙཱ་བ་བྱང་ཆུབ་འོད་ཟེར། དེ་ནས་འགྲོ་མགོན་ལྷ་རྗེ་དྷཱ་ར་ཤྲཱི། དེའི་སྲས་བྱང་སེམས་བསོད་ནམས་རྒྱལ་མཚན། དེའི་སྲས་མོ་མ་གཅིག་ཀུན་ལྡན་རས་མ། གཉལ་པ་གཟི་བརྗིད་རྒྱལ་མཚན། ལ་ཤིང་གི་མཁན་པོ་དབང་ཕྱུག་ཤེས་རབ། བྱ་བཏང་རི་ཁྲོད་པ་གཞོན་ནུ་རྒྱལ་མཚན། རས་ཆེན་གདན་གཅིག་པ་གཞོན་ནུ་དཔལ་ལྡན། ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། གུང་ཐང་བ་འདུལ་འཛིན་ངག་གི་དབང་པོ། ཤར་སངས་རྒྱས་སེང་གེ་གཙང་སྨྱོན་ཆོས་གྱི་གྲགས་པ། རྒོད་ཚང་རས་ཆེན་སྣ་ཚོགས་རང་གྲོལ། དེས་གནས་པ་རབ་འབྱམས་པ་བྱམས་པ་ཕུན་ཚོགས། རྗེ་བཙུན་ཀརྨ་བཀྲ་ཤིས། སྨན་སྒོམ་སངས་རྒྱས་འོད་ཟེར་ཏེ་རབ་འབྱམས་པ་གསུམ། དེ་གསུམ་ག་དང་ཁྱད་པར་